འབར་ཁམས་གྲོང་ཁྱེར་གྱིས་སྐད་གཉིས་དགེ་རྒན་གསོ་སྦྱོང་འཛིན་གྲྭ་བཙུགས།

རྩོམ་པ་པོ།   འོད་གསལ་མཚོས་བསྒྱུར།དུས་ཚོད།   2018-05-21རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               གྲོང་ཁྱེར་ཡོངས་ཀྱི་བོད་རྒྱ་སྐད་གཉིས་དགེ་རྒན་རུ་ཁག་གི་ཆུ་ཚད་དང་ནུས་པ་གོམ་གང་མདུན་སྤོས་ཀྱིས་ཇེ་མཐོར་གཏོང་ཆེད། ཉེ་ཆར། འབར་ཁམས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་སོ་སོའི་བོད་རྒྱ་སྐད་གཉིས་དགེ་རྒན་གྱི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བཙུགས།

               ཐེངས་འདིའི་གསོ་སྦྱོང་དུ་སློབ་མའི་རང་གིས་རང་ངོ་སྤྲོད་བྱེད་པ་དང་། ལས་ཁུངས་ཀྱིས་ངོ་སྤྲོད་བྱེད་པ། རྩ་འཛུགས་ཀྱིས་གཏན་འབེབས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལས་ཁུངས་སོ་སོ་ནས་སྐད་གཉིས་དགེ་རྒན75ལེགས་འདེམས་བྱས་ནས་འབར་ཁམས་གྲོང་ཁྱེར་གྱི་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་རུ་ཁག་ཅིག་བཙུགས། ལས་ཁུངས་སོ་སོའི་གསོ་སྦྱོང་གི་དགོས་མཁོ་དངོས་ལ་དམིགས་ནས། ཨ་མདོའི་ཁ་སྐད་དང་། རྒྱལ་རོང་གི་ཁ་སྐད། སློབ་ཁྲིད་ཀྱི་ནུས་རྩལ་ཐད་ཀྱི་ཆེད་ཁམས་པ་གདན་དྲངས་ནས་དམིགས་སའི་རང་བཞིན་གྱི་གསོ་སྦྱོང་སྤེལ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།