སྐད་འཕྲིན་དུ་ཡོད་པའི་དངུལ་གཞན་གྱིས་བརྐུ་མི་ཐུབ་པའི་ཐབས་ཤིག

རྩོམ་པ་པོ།   དུས་ཚོད།   2018-05-21   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

             དེང་སྐབས།   སྐད་འཕྲིན་ཁུག་དམར་དུ་དངུལ་སྒོར་བླུགས་པའམ་སྐད་འཕྲིན་དངུལ་བྱང་དང་འབྲེལ་ཏེ་ཅ་ལག་ཉོ་མཁན་གྱི་མི་མང་ནས་མང་དུ་འགྲོ་བཞིན་ཡོད་མོད། མི་མང་པོ་ཞིག་གིས་སྐད་འཕྲིན་དངུལ་ཁུག་སྒོ་འབྱེད་པའི་གསང་གྲངས་བཞག་མེད་པར་ཐད་ཀར་དངུལ་སྤྲོད་ཐུབ་པ་བྱས་ཡོད་པས་ཁ་པར་བོར་བརླག་ཏུ་ཕྱིན་པའམ་གཞན་གྱི་ལག་ཏུ་ཤོར་ན་དངུལ་ཆ་ཚང་གཞན་གྱིས་བེད་སྤྱོད་ཐུབ་ཀྱི་ཡོད་ལ། མི་མང་པོས་གསང་གྲངས་དེ་མ་བཞག་པར་བརྟེན་དངུལ་བྱང་དུ་ཡོད་པའི་དངུལ་ཆ་ཚང་གཞན་གྱིས་སྤྱད་པའི་གནས་ཚུལ་བྱུང་ཡོད་པར་བརྟེན། དེ་རིང་ནས་ངེས་པར་དངུལ་ཁུག་ལ་གསང་གྲངས་དེ་འཇོག་རོགས་གནང་།

 གསང་གྲངས་དེ་འཇོག་ཐབས་ཀྱི་གོ་རིམ་ནི་གཤམ་གསལ་ལྟར། 

ཐོག་མར་སྐད་འཕྲིན་དངུལ་ཁུག་གི་ཁ་ཕྱེ་བ།

དེ་ནས་སྟེང་ཕྱོགས་ཀྱི་གཡས་ཟུར་དུ་ཡོད་པའི་རི་མོ་གྲུ་བཞི་དེ་གནོན་པ། 

དེ་རྗེས་དངུལ་སྤྲོད་བདེ་འཇགས་ཞེས་པའི་ཡི་གེ་གནོན་པ།

དེ་ནས་དངུལ་ཁུག་གི་ཟྭ་གནོན་པ།

ཟྭ་མནན་རྗེས་རང་གི་གོམས་ཕྱོགས་ལྟར་མཛུབ་རིས་ཀྱི་གསང་གྲངས་སམ་དབྱིབས་རིས་གསང་གྲངས་གང་རུང་འཇོག་པ། 

             དེ་གཉིས་གང་རུང་བཞག་རྗེས་སྐད་འཕྲིན་དངུལ་ཁུག་ཁ་འབྱེད་པར་ངེས་པར་གསང་གྲངས་སྤྱད་དགོས་པས། ཁ་པར་བོར་བརླག་ཕྱིན་པའམ་གཞན་གྱི་ལག་ཏུ་ཤོར་ཡང་མི་གཞན་གྱིས་ཁྱེད་རང་གི་དངུལ་ཁུག་ལས་དངུལ་བེད་སྤྱོད་མི་ཐུབ་བོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།