ཀམ་ཕུ་གྲོང་སྡེ།

རྩོམ་པ་པོ།   དངོས་སྦྱོང་བ་དྲན་པ་འཚོས་བསྒྱུར།དུས་ཚོད།   2018-05-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྔམ་བརྗིད་ལྡན་པའི་ཀམ་ཕུ་གྲོང་སྡེའི་ཡུལ་ལྗོངས།

ཀམ་ཕུ་གྲོང་སྡེའི་ཡུལ་མི་རྣམས་ཀྱིས་ལྗོངས་རྒྱུ་བར་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཏེ་བོད་པ་སེང་གེ་ཞེས་པའི་སྐོར་བྲོ་འཁྲབ་བཞིན་པའི་ཚུལ།

                 ཀམ་ཕུ་ནི་དགའ་བསུ་ཆེས་ཆེར་ཐོབ་པའི་གྲོང་སྡེ་ཞིག་ཡིན་ཏེ། “5•12”ཝུན་ཁྲོན་དུ་ས་འགུལ་ཆེན་པོ་བྱུང་རྗེས་སུ་བསྐྱར་དུ་བསྐྲུན་ཏེ་སྔར་བས་སྲ་བརྟན་དང་བཀྲག་མདངས་རྒྱས་ཡོད་པས། ལྟ་བའི་ཆོག་མི་ཤེས་པའི་གྲོང་སྡེ་ཞིག་ཏུ་གྱུར་ཡོད། 2008ལོའི“5•12”ཝུན་ཁྲོན་དུ་ས་འགུལ་ཆེན་པོ་བྱུང་བས་ལིས་རྫོང་ཀམ་ཕུ་བོད་སྡེར་གྱོང་གུད་ཚབས་ཆེན་ཐེབས་པ་དང་། བོད་ཆའང་ས་ཁུལ་ཁོ་ནར་ཡོད་པའི་གནའ་བོའི་རྒྱལ་པོའི་ཕོ་བྲང་མང་པོར་ཞིག་རལ་དུ་བཏང་ཡོད། 2009ལོའི་ཟླ3པའི་ཚེས5ཉིན་ཀམ་ཕུ་བོད་སྡེས་ཧུའུ་ནན་ཞིང་ཆེན་གྱིིས་ལིས་རྫོང་ཀམ་ཕུ་བོད་སྡེར་རིགས་མཐུན་རོགས་སྐྱོར་བྱ་བའི་བསྐྱར་བསྐྲུན་མངགས་བཅོལ་ཞེས་པའི་མཛད་སྒོ་སྤེལ་ཏེ། རིག་གནས་རྒྱུད་འཛིན་དང་ཁྱད་ཆོས་སྲུང་སྐྱོང། ནུས་པ་འཐུས་ཚང་། རྣམ་པ་མཐོར་འདེགས་བཅས་བརྗོད་བྱར་བཟུང་ནསAབཞི་རིམ་པའི་ལྗོངས་ཁུལ་སྐྲུན་པའི་ཚད་གཞི་ལྟར་ཀམ་ཕུ་བོད་སྡེ་བསྐྱར་བསྐྲུན་བྱས་པ་རེད། ལོ་ངོ་གཉིས་རིང་གི་བསྐྱར་བསྐྲུན་བརྒྱུད་རྗེས་ད་གཟོད་ལོ་ངོ་སྟོང་ཕྲག་དུ་མར་གནས་པའི་གནའ་བོའི་བོད་སྡེ་དེ་སྔོན་མ་ལྟར་ཡོངས་སུ་སླར་གསོ་བྱ་ཐུབ་པ་དང་། Aབཞི་རིམ་པའི་ལྗོངས་ཁུལ་གྱི་སྙན་གྲགས་ལ་བརྟེན་ནས་ཀམ་ཕུ་བོད་སྡེའི་ལྗོངས་སྐོར་སྤེལ་ཤུགས་ཆེ་རུ་སྤེལ་ཏེ། ཁྱད་ཆོས་ལྡན་པའི་སྐོར་བྲོ་དང་དམངས་གླུ། གོན་པ། ཡུལ་སྲོལ་གོམས་གཤིས། དེ་མ་ཟད་དམག་དཔུང་འདུས་སྡོད་རིག་གནས་དང་ཆོས་ལུགས་རིག་གནས། རྨོད་འདེབས་རིག་གནས། རྡོ་ཆས་རིག་གནས་བཅས་ཀྱིས་ལྗོངས་རྒྱུ་བའི་ཡིད་སེམས་དབང་མེད་དུ་འཕྲོག་འདུག རྒྱུས་ལོན་པ་ལྟར་ན། 2017ལོར་ཀམ་ཕུ་བོད་སྡེས་ལོ་ཧྲིལ་བོར་ལྗོངས་རྒྱུ་བ་ཁྲི30ལྷག་སྣེ་ལེན་བྱས་པ་དང་ལྗོངས་སྐོར་ཡོང་སྒོ་སྒོར་ཁྲི160ལྷག་ལོན་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།