ཧུང་ཡོན་རྫོང་གིས་བཅའ་ཁྲིམས་དགོན་སྡེར་བསྐྱོད་པའི་བྱེད་སྒོ་སྤེལ།

རྩོམ་པ་པོ།   ཏཱ་རེ་ལྷ་མོ།དུས་ཚོད།   2018-05-15རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                གོམ་གང་མདུན་སྤོས་ཀྱིས་དགོན་པའི་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོའི་ལས་དོན་ལག་བསྟར་དང་། དགོན་པའི་གྲྭ་བའི་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་སོགས་ཀྱི་ཆེད། ཟླ་༥བའི་ཚེས་༦ཉིན། ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་དྲིལ་སྒྲོག་ཚོགས་མི་རྩ་འཛུགས་བྱས་ཏེ་དགོན་སྡེ་སོ་སོར་སོང་ནས་ཁྲིམས་ལུགས་ཁྱབ་གདལ་བསྒྲགས་བྱང་གསར་དུ་བརྗེས་པ་དང་བཅའ་ཁྲིམས་དྲིལ་སྒྲོག་བྱེད་སྒོ་སྤེལ། 

               དྲིལ་སྒྲོག་བྱེད་སྒོའི་ཁྲོད་དྲིལ་སྒྲོག་རུ་ཁག་གིས་བཅའ་ཁྲིམས་དྲིལ་སྒྲོག་བཞུགས་མོལ་ཚོགས་འདུ་དང་དྲིལ་སྒྲོག་ཡིག་ཆ་བཀྲམ་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་གྲྭ་བ་ཚོར་བདེ་འཇགས་བཅའ་ཁྲིམས་དང་རྩ་ཁྲིམས་དག་བཅོས་བྱས་པའི་གྲོས་གཞི་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་དྲིལ་བསྒྲགས་ནན་མོ་བྱས་པ་དང་ཆབས་ཅིག དྲིལ་སྒྲོག་ཚོ་ཆུང་གིས་ད་དུང་ཉེ་འགྲམ་གྱི་གྱོད་དོན་ལ་གཞིར་བཟུང་ནས་གྲྭ་བ་རྣམས་ལ་ཚུལ་ཁྲིམས་དང་བཅའ་ཁྲིམས་སྲུང་སྟེ་རྒྱལ་གཅེས་ཆོས་གཅེས་དར་སྤེལ་གཏོང་བར་སྐུལ་མ་བཏང་། 

               ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོས་གྲྭ་བ་རྣམས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྲུང་འདུ་ཤེས་ཇེ་ཟབ་ཏུ་བཏང་ཡོད།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།