2017ལོར་རྒྱལ་ཡོངས་ཀྱི་སློབ་གསོའི་འགྲོ་གྲོན་ཁྱོན་སྒོར་དུང་ཕྱུར་42557ཟིན་པ།

རྩོམ་པ་པོ།   དུས་ཚོད།   2018-05-10རྩོམ་ཁུངས།    མི་དམངས་དྲ་བ།

              སློབ་གསོ་པུས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་2017ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་འགྲོ་གྲོན་བསྡོམས་རྩིས་མྱུར་འཕྲིན་ལ་གཞིགས་ན། 2017ལོར་རྒྱལ་ཡོངས་ཀྱི་སློབ་གསོའི་འགྲོ་གྲོན་ཁྱོན་སྒོར་དུང་ཕྱུར་42557ཟིན་པ་དང་། ན་ནིང་ལས་9.43%འཕར་སྣོན་བྱུང་ཅིང་། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་སྒོར་དུར་ཕྱུར་34204ཟིན་པ་དང་། ན་ནིང་ལས་8.94%འཕར་སྣོན་བྱུང་ཡོད་པ་རེད།
               གྲངས་གཞི་ལས་མངོན་པར་གཞིགས་ན། 2017ལོར་རྒྱལ་ཡོངས་སུ་བྱིས་པ་ཁང་དང་སློབ་ཆུང་དཀྱུས་མ། དམའ་རིམ་སློབ་འབྲིང་དཀྱུས་མ། མཐོ་རིམ་སློབ་འབྲིང་དཀྱུས་མ། འབྲིང་རིམ་ཆེད་ལས་སློབ་གྲྭ། མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མའི་ཆ་སྙོམས་སློབ་གསོའི་འགྲོ་གྲོན་ན་ནིང་ལས་འཕར་ཡོད་པ་དང་། འཕར་ཚད་སོ་སོ་ནི་13.21%、6.82%、9.60%、10.70%、8.11%、9.75%བཅས་ཡིན་པ་རེད།
              སློབ་གསོ་པུས། གོམ་སྟབས་རྗེས་མར་ད་དུང་ཁག་སོ་སོར་སྤྱི་བསྒྲགས་དང་《ཀྲུང་གོའི་སློབ་གསོའི་འགྲོ་གྲོན་བསྡོམས་རྩིས་ལོ་ལྟར་སྟོན་པའི་》རྣམ་པ་ལྟར། ཁྱབ་བསྒྲགས་བྱས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཁག་ཏུ་འཕར་སྣོན་བྱུང་བའི་གནས་ཚུལ་དང་མཐའ་མཇུག་གི་བསྡོམས་རྩིས་གཞི་གྲངས་ཁྲིམས་བཀོད་ལྟར་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།   གཡུ་འཛོམས།