ཕྲུ་གུ་བཙའ་སྐབས་ཀྱི་གོ་རིམ་གསུམ།

རྩོམ་པ་པོ།   དུས་ཚོད།   2018-04-27རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཕྲུ་གུ་སྐྱེས་པ་ལ་ཕྲུ་གུ་བཙས་པའང་ཟེར། ཕྲུ་གུ་མའི་ཁོག་ཏུ་ཆགས་ནས་གཟའ་འཁོར་བཞི་བཅུ་ཡས་མས་སུ་ཕྲུ་གུ་བཙའ་སྲིད་པ་རེད། ཕྲུ་གུ་བཙའ་བའི་གོ་རིམ་ལའང་རིམ་པ་གསུམ་དུ་བགོ་ཆོག་པ་རེད།

         གོ་རིམ་དང་པོ།

         མངལ་སྣོད་ཁ་འབྱེད་པའི་གོ་རིམ་ཞིག་སྟེ། མངལ་སྣོད་ཁ་མ་ཕྱེས་པའི་ཉིན་བཅུ་ཡི་སྔོན་དུ། མངལ་སྣོད་ཀྱི་བེ་ཁེབས་ཕྱིར་བཏོན་སྲིད་ཀྱང་། དེ་ལ་དམར་པོ་བཏོན་པའང་ཟེར་སྲིད། དེ་ནི་ཕྲུ་གུ་བཙའ་ལ་ཉེ་བའི་བརྡ་རྟགས་ཞིག་ཡིན་པ་རེད། བཙའ་རིམ་དང་པོ་ལ་དུས་ཚོད་དྲུག་ནས་བཅུ་གཉིས་ཡས་མས་ཀྱི་ཡུན་ཡོད་པ་རེད།


           གོ་རིམ་གཉིས་པ།

           ཕྲུ་གུ་དངོས་སུ་མའི་ཁོག་དང་ཁ་བྲལ་བའི་དུས་རིམ་དེ་རེད། སྐབས་འདིར་ཕྲུ་གུའི་མགོ་བོ་མར་འཁོར་ཡོད་པ་དང་། སྦྲུམ་མ་དེར་དུས་ཚོད་གཅིག་གཉིས་ཀྱི་ཡུན་ལ་ན་ཟུག་ཧ་ཅང་ཆེན་པོ་བརྒྱབ་ནས་ཕྲུ་གུ་སྐྱེ་ཡོང་བ་རེད།


        གོ་རིམ་གསུམ་པ།

        ཤ་མ་ཕྱིར་བཏོན་པའི་དུས་རིམ་རེད། དེ་ནི་ཕྲུ་གུ་བཙས་རྗེས་དུས་ཚོད་སྐར་མ་ལྔ་ནས་བཅོ་ལྔའི་བར་དུ་མའི་ཁོག་ནས་ཤ་མ་དེ་ཕྱིར་བཏོན་སྲིད་པ་རེད།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།