གྱ་གཉིས་ལོར་རྔ་བ་ཁུལ་དུ་སྐྱེས་ཆེན་ཞིག་ཕེབས་པ།

རྩོམ་པ་པོ།   དུས་ཚོད།   2018-04-23   རྩོམ་ཁུངས།    རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

གྱ་གཉིས་ལོའི་ཟླ་བཅུ་གཅིག་པར་པཎ་ཆེན་མཆོག་གིས་རང་ཁུལ་དུ་གཟིགས་ཞིབ་མཛད་སྐབས་ཀྱི་པར་རིས།

༡༩༨༢.༡༡

            པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞེས་གསོལ་ཞིང་། ༡༩༣༨ལོའི་ཟླ་གཉིས་པའི་ཚེས་གསུམ་ཉིན་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོའི་ཞིང་པའི་ཁྱིམ་ཚང་ཞིག་ལ་སྐུ་འཁྲུངས། ཁོང་གིས་སྔ་ཕྱིར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པ་དང་། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས་པ་དང་། རྒྱལ་ཡོངས་ཆབ་གྲོས་སྐབས་གཉིས་པ་དང་། ལྔ་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྒྱལ་ཡོངས་ཆབ་གྲོས་སྐབས་གསུམ་པ་དང་བཞི་པའི་རྒྱུན་ལས་ཨུ་ཡོན། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་པོ། ཀྲུའུ་རེན་ཨུ་ཡོན་ལས་ཚབ་བཅས་ཀྱི་འགན་བཞེས་པ་དང་། ༡༩༦༣ལོ་ནས་དགོངས་པ་མ་རྫོགས་བར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཞིའི་འགན་སོགས་བཞེས་ཡོད་པ་རེད།

        ༡༩༨༢ལོའི་ཟླ་བཅུ་གཅིག་པའི་ནང་པཎ་ཆེན་སྐུ་འཁོར་དང་བཅས་པ་རྔ་བ་ཁུལ་དུ་ཆིབས་བསྒྱུར་གནངས་ནས་རྔ་བ་ཁུལ་གྱི་ས་གནས་སོ་སོར་ཕེབས་ཏེ་ལས་བྱེད་མང་ཚོགས་ལ་གཟིགས་སྐོར་མཛད་པ་མ་ཟད། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཅིང་ཕྲ་བ་མཛད་པ་དང་། ཆོས་དད་མང་ཚོགས་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡང་སྤེལ།

པཎ་ཆེན་མཆོག་རང་ཁུལ་གྱི་ས་གནས་ཁག་ཏུ་བསྐྱོད་པའི་ས་ཁྲ།

ཆིབས་བསུ་གནང་བཞིན་པ།

           པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་བོར་མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང་བྱེད་ཆེད་འབད་འཐབ་ལྷོད་མེད་མཛད་པ་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་དར་རྒྱས་ཡོང་ཆེད་སྐུ་ངལ་འཛེམ་མེད་ཀྱིས་ཕྱག་ལས་གནང་ལ། སངས་རྒྱས་བསྟན་པ་དར་རྒྱས་དང་ཆོས་དད་མང་ཚོགས་ལ་ཕན་བདེའི་བྱ་གཞག་བསྒྲུབ་ཡོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།   གཡུ་འཛོམས།