གཟིགས་དང་། གཟི་རྩ་སྡེ་དགུ་སྔར་བཞིན་མི་ཡུལ་གྱི་དག་ཞིང་རེད།

རྩོམ་པ་པོ།   དུས་ཚོད།   2018-03-09རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        གཟི་རྩ་སྡེ་དགུ། མི་ཡུལ་གྱི་དག་ཞིང་དེ། མིག་གི་དགའ་སྟོན་དུ་མ་གྱུར་པར་ཟླ་བདུན་འདས་སོང་། ཁ་སང་བར་དུ། གཟི་རྩ་སྡེ་དགུ་ལ་ཁ་རོག་གེར་མཛེས་མཆོར་སྤྲས་ནས་སླར་ཡང་ཀུན་གྱི་མིག་ལམ་དུ་བསྟར་བྱུང་།

        2017ལོའི་ཟླ་8པའི་ཚེས་8ཉིན། རིམ་པ་7.0ཅན་གྱི་ས་འགུལ་ལས་དག་ཞིང་གི་ལྷིང་འཇགས་དཀྲོགས་ནས་ཚེས་9ཉིན་ནས་ཡུལ་སྐོར་བར་སྣེ་ལེན་བྱེད་མཚམས་བཞག་ནས་ལོ་ཕྱེད་ལྷག་འདས་སོང་།

        ཁ་སང་། གཟི་རྩ་སྡེ་དགུ་ལ་ས་འགུལ་བྱུང་རྗེས་ཀྱི་ཆེས་ཐོག་མའི་ཡུལ་སྐོར་བ་ཐོན་ནས་མཛེས་ལྗོངས་ཀྱི་སྒོ་མོ་སླར་ཡང་ཕྱེས་པ་རེད། རྒྱུས་ལོན་པ་ལྟར་ན། ཁ་སང་གི་དུས་ཚོད་12བར་དུ། མཛེས་ལྗོངས་གཟི་རྩ་སྡེ་དགུས་ལྗོངས་སྐོར་ཚོགས་པ་64དང་ལྗོངས་སྐོར་བ་767ལ་སྣེ་ལེན་བྱས་ཤིང་། དེའི་ནང་དུ་ཕྱི་རྒྱལ་གྱི་ལྗོངས་སྐོར་བ་དུ་མ་ཡོད་ལ། ལྗོངས་སྐོར་འགྲུལ་འཁོར་40བསྐོར་ནས་མཛེས་པའི་དག་ཞིང་མིག་གི་དགའ་སྟོན་ལ་དྲངས་པ་རེད།

         གལ་ཏེ་གཟི་རྩ་སྡེ་དགུ་ལ་ལྟ་སྐོར་དུ་ཡོང་འདོད་ན། ངེས་པར་དུ་ཤེས་དགོས་པ་ཞིག་ལ། མི་གྲངས་ལ་ཚད་ཡོད་དེ། 2018ལོར་ཉིན་རེར་ལྗོངས་སྐོར་བ་2000ལས་སྣེ་ལེན་མི་བྱེད་ལ། མིང་དངོས་ཀྱིས་སྔོན་ལ་ཐོ་བཀོད་ནས་ཡུལ་དངོས་ནས་མིང་དངོས་བཤད་ནས་སྒོ་འཛིན་ཉོ་དགོས། ཉམས་པར་འཇོག་དགོས་པ་ཞིག་ལ།  མིག་སྔར། མཛེས་ལྗོངས་གཟི་རྩ་སྡེ་དགུས་ལྗོངས་སྐོར་ཚོགས་ཁག་གིས་རྩ་འཛུགས་བྱས་པའི་ཚོགས་པའི་འགྲུལ་བ་ཡིན་ལ། འགྲུལ་བ་ལ་བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་བཅོལ་ཉོ་དགོས། གནས་སྐབས་སུ་ཁེར་འགྲོ་ལྗོངས་སྐོར་བར་སྣེ་ལེན་མི་བྱེད།

          དུས་ཚོད་ལ་ཚད་ཡོད་དེ། མཛེས་ལྗོངས་ཀྱིས་དུས་རིམ་བགོས་ནས་སྒོ་ཕྱེ་བ་སྟེ། ཉིན་རེའི་དུས་ཚོད་8:00ནས་17:00བར་དུ་སྒོ་ཕྱེ་བ་རེད།

          ལྟ་སྐོར་བྱེད་སྟངས་ལ་ཚད་ཡོད་དེ། མཛེས་ལྗོངས་སུ་ལྟ་སྐོར་དུ་འགྲོ་ན་ཆེད་སྤྱོད་རླངས་འཁོར་དང་སྣེ་ཤན་པ་ལ་འགྲོགས་དགོས། འགྲུལ་བ་དག་ཆེད་སྤྱོད་རླངས་འཁོར་དུ་བསྡད་ནས་མཛེས་ལྗོངས་རེ་ལ་བལྟས་རྗེས་རང་ཉིད་སྡོད་སའི་རླངས་འཁོར་ལ་སླར་ཡང་མཛེས་ལྗོངས་གཞན་པ་ཞིག་ལ་བལྟ་བ།  ལྗོངས་སྐོར་དེ་ལྟར་མཇུག་བསྒྲིལ་འགྲོ་བ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།