རྔ་ཁུལ་གྱིས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས།

རྩོམ་པ་པོ།   ཚེ་རིང་ལྷ་མོ།དུས་ཚོད།   2018-03-08རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཟླ3པའི་ཚེས8ཉིན། ཁུལ་བུད་མེད་ལྷན་ཚོགས་ཀྱིས་འབར་ཁམས་སུ་རྔ་ཡུལ་དུ་མེ་ཏོག་བཞད་པ་ཞེས་པའི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལོ་ངོ108འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཅིན་ཅེ་ཁྲང་བྱེད་སྒོ་ལ་ཞུགས་ནས་གསུང་བཤད་གནང་། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཆོན་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨོའུ་དབྱང་མའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་མིང་ཧུའེ་བཅས་ཞུགས་ཡོད།

           བྱེད་སྒོ་ལས་མཛངས་མའི་བསམ་པ་ཏང་ལ་འཁོར། དུས་རབས་གསར་བར་བྱས་རྗེས་འཇོག་ཅེས་པ་བརྗོད་གཞི་བྱས་ཤིང་། ལས་རིགས་སོ་སོའི་བུད་མེད་ཀྱི་ཉམས་འགྱུར་མངོན་པ་དང་། ལས་རིགས་ཀྱི་ལ་རྒྱ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་མངོན་པ་བརྒྱུད་དེ། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་བུད་མེད་རྣམས་དུས་རབས་གསར་བ་དང་མཉམ་དུ་བསྐྱོད་པར་སྐུལ་མ་བཏང་ཞིང་།   དམིགས་འབེན་གསར་བའི་སླད་དུ་བརྩོན་པ་བསྐྱེད་པ། བགྲོད་ལམ་གསར་བར་བྱས་རྗེས་འཇོག་པ། དུས་རབས་གསར་བའི་བུད་མེད་གསར་བ་བྱེད་པ་བཅས་ལ་སྐུལ་འདེད་བཏང་། གཞན་མཛེས་པའི་གཟི་རྩ་སྡེ་དགུ་མྱུར་དུ་གསར་འཛུགས་དང་། ས་ཁུལ་གསུམ་དང་ལྟེ་བ་གཅིག་མྱུར་བར་ལེགས་འགྲུབ། རང་ཁུལ་གྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་བ་འབྱེད་པ་བཅས་ལ་བུད་མེད་ཀྱི་སྟོབས་ཤུགས་འབུལ་བར་སྐུལ་ལྕག་བཏང་བ་རེད།

           བྱེད་སྒོ་ལས2017ལོའི་རྔ་ཁུལ་གྱི་བུད་མེད་བྱས་རྗེས་ཅན་གྱི་དཔེ་སྟོན་མི་སྣ་དང་། གསུམ་བརྒྱད་དར་དམར་སྔོན་ཐོན་པ། ཕུལ་བྱུང་བུད་མེད་རང་འདུན་པ་བཅས་ལ་གཟེངས་བསྟོད་བྱས་ཤིང་།  ལས་རིགས་ཁག་གི་བུད་མེད་འཐུས་མི་དང་ཁུལ་མི་རིགས་གླུ་གར་ཚོགས་པ་བཅས་ཀྱིས་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།