མི་རིགས་ཁག་གི་མི་དམངས་ཀྱི་གཙོ་འཛིན་བཟང་པོ་ཞི་ཅིན་ཕིང་།

རྩོམ་པ་པོ།   དུས་ཚོད།   2018-03-08རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།

        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། པེ་ཅིང་དུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་བཞིན་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོས་གཅིག་མཇུག་གཉིས་མཐུད་ངང་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་བར་བརྩེ་སེམས་འབྲེལ་བ་དང་། ཁོང་གིས་གྲངས་ཉུང་མི་རིགས་སྤུན་ཟླའི་འཚོ་བའི་གནད་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་བས།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་དང་དགའ་ཞེན་ཞུ་གི་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད།

       ཞི་ཅིན་ཕིང་གིས། ང་རང་ནང་སོག་རང་སྐྱོང་ལྗོངས་ཀྱི་འདེམས་བསྐོའི་ནང་ཞུགས་པའི་གདམ་ག་བྱས་དོན་ནི། ཏང་ཀྲུང་དབྱང་ནས་མི་རིགས་མཐའ་མཚམས་ས་ཁུལ་ལ་མཐོང་ཆེན་བྱེད་པ་མཚོན་ཆེད་དང་། ཏང་ཀྲུང་དབྱང་ནས་འཕེལ་རྒྱས་མེད་པའི་ས་ཁུལ་གྱི་གོང་འཕེལ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་ཆོད་སེམས་མངོན་པར་བྱེད་ཆེད་ཡིན་ཞེས་གསུངས་ཡོད།

      སྤྱི་ལོ་༢༠༡༨ལོའི་ཟླ་༣པའི་ཚེས་༥ཉིན་གྱི་ཕྱི་དྲོ། སྔ་བར་ཕྱི་གསུམ་དུ་མི་རིགས་ས་ཁུལ་ལ་ཐུགས་ཁུར་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་འདེམས་བསྐོའི་ནང་ཞུགས་དགོས་པའི་རྒྱུ་མཚན་གསུངས་གནང་ཡོད།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཇལ་དར་འབུལ་མཁན་སོག་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ན་རན་ཐུའུ་ཡས་ཉིན་དེའི་གནས་ཚུལ་སྐོར་གླེང་སྐབས་དགའ་སྤྲོ་ཆེན་པོ་བྱེད་ཀྱི་ཡོད།

      ན་རན་ཐུའུ་ཡས། ང་རང་དགའ་ཚོར་ཆེན་པོ་བྱུང་། ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཇལ་དར་ཕུལ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་སྐོར་སྐར་མ་༢༠ལྷག་ཙམ་གསུངས་སོང་། ཁོང་གིས་ཐུགས་ཁུར་གནང་ས་ཚང་མ་ང་ཚོ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་ཤ་སྟག་རེད་འདུག་ཅེས་གསུངས་ཡོད།

འཐུས་མི་ཝུ་ཡུན་པའོ།

         སོག་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཞན་ཞིག་སྟེ་ཝུ་ཡུན་པའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བའི་ངང་ཚུལ་གླེང་ཡོད་པ་རེད།

         ཝུ་ཡུན་པའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་བྱམས་བརྩེ་ཆེ་བ་དང་། ཐུགས་སྣང་གཤིན་ལ། ངོ་ཤེས་རྙིང་པ་ཐུག་པ་ནང་བཞིན་ང་ཚོར་བཀའ་མོལ་གསུངས་ཀྱི་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དངོས་གནས་རྩྭ་ཐང་བུ་ཕྲུག་གི་མངགས་བཅོལ་བསྣམས་པའི་མི་དམངས་ཀྱི་འཐུས་མི་ཞིག་རེད་ཅེས་གསུངས་ཡོད།

འཐུས་མི་མེ་ཧྭ།

         ཨོ་ཝུན་ཁེ་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མེ་ཧྭ་ནས་དགའ་ཚོར་ཆེན་པོའི་ངང་ད་ལོའི་སྤྱི་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ནང་སོག་ཏུ་འདེམས་ཤོག་ཆ་ཚང་གི་ཐོག་ནས་མི་དམངས་འཐུས་མིར་བདམས་པའི་ཉིན་དེར་ཕྱིར་དྲན་བྱས་ཡོད།

        མེ་ཧྭ་ཡིས། སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་ནང་སོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་སྐབས། ང་རང་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཁོང་ནས་ང་ཚོ་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བར་མཐོང་ཆེན་གནང་བ་དང་། མི་རིགས་སྤུན་ཟླར་ཐུགས་ཁུར་ཟབ་བཞེས་གནང་བའི་མངོན་ཚུལ་ཞིག་ཡིན་ཞེས་གསུངས་ཡོད།

འཐུས་མི་ལུང་ཞའོ་ཧྭ།

       ཞང་ཤིས་ནས་ཕེབས་པའི་མིའོ་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུང་ཞའོ་ཧྭ་ཡིས། སྤྱི་ལོ་༢༠༡༣ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲི་པ་ཏུང་གྲོང་ཚོར་རྟོག་ཞིབ་གནང་བའི་མི་སེམས་འགུལ་བའི་སྣང་ཚུལ་དེས་རྦད་དེ་མེའོ་རིགས་མི་དམངས་ཀྱི་སེམས་ནང་དྲོ་སྐྱིད་འབྱིན་བཞིན་ཡོད་ཅེས་གསུངས་ཡོད།

      ལུང་ཞའོ་ཧྭ་ཡིས། སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞིང་དུད་བུད་མེད་གཅིག་གི་ཁྱིམ་དུ་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ལོ་ག་ཚོད་ཡིན་ཞེས་འདྲི་གནང་སྐབས། ཞིང་དུད་བུ་མེད་དེས་ལོ་༦༢ཡིན་ཞེས་ལྗགས་ལན་ཞུས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ལ་བྱམས་བརྩེའི་ངང་། དེ་འདྲ་ཡིན་ན་ཁྱེད་རང་གཅེན་མོ་རེད། ངས་ཁྱེད་རང་ལ་གཅེན་མོ་ཞེས་འབོད་ཀྱི་ཡིན་ཞེས་གསུངས་སོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་གྲངས་ཉུང་མི་རིགས་དབུལ་ཕོངས་ས་ཁུལ་ནས་ཡིན་པའི་མེའོ་རིགས་སྤུན་ཟླའི་ལག་ནས་བཟུང་སྟེ་ཁོང་ལ་གཅེན་མོ་ཞེས་གསུངས་སོང་བས། ཞང་ཤིས་མི་རིགས་ཁག་གི་སྤུན་ཟླར་སེམས་འགུལ་ཚད་མེད་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ང་ཚོ་མང་ཚོགས་དཀྱུས་མ་སེམས་དམ་པོར་འབྲེལ་ཡོད་པ་དང་། ཁོང་གིས་ང་ཚོར་འཆང་བའི་བརྩེ་དུང་གི་ཐོག་ནས་ཁོང་ནི་མི་དམངས་ཀྱི་གཙོ་འཛིན་ཡིན་པ་དང་། ཁོང་དང་ང་ཚོ་མི་དམངས་མང་ཚོགས་བར་བར་ཐག་མེད་པའི་མྱོང་ཚོར་ཡོང་གི་འདུག་ཅེས་གསུངས་ཡོད།

འཐུས་མི་ཨེ་ཁེ་པེར་མེ་ཐེ་ན་སེར།

        ཤིན་ཅང་ནས་ཕེབས་པའི་ཡུ་གུར་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨེ་ཁེ་པེར་མེ་ཐེ་ན་སེར་གྱིས།

        སྤྱི་ལོ་༢༠༡༤ལོའི་ཟླ་༤པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིན་ཅང་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་ལས་བྱེད་མང་ཚོགས་ལ་གཟིགས་གནང་ཡོད། ཡུ་གུར་རིགས་ཀྱི་གྲོང་མི་ཨ་པུ་ཏུ་ལ་ཁེ་ཡུམ་རུ་ཟེའི་ཁྱིམ་དུ་ཕེབས་གནང་ཡོད། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒན་རྒོན་ཐོ་ཧུ་ཐེ་ཧན་ཁུར་པན་ལ་ཡིག་ལན་བསྐུར་གནང་ཡོད། ཁོང་གིས་ལོ་འདི་དག་ནང་རྦད་དེ་ང་ཚོ་ཤིན་ཅང་གི་གྲངས་ཉུང་མི་རིགས་ལ་ཐུགས་ཁུར་གནང་གི་ཡོད་པས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་སེམས་ལ་བརྟན་པོར་ངེས་ནས། ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོར་དགའ་ཞེན་བྱེད་པའི་དཔེ་བཟང་ཞིག་བྱེད་ཀྱི་ཡིན་ཞེས་གསུངས་ཡོད།

       ཧོ་ཀྲེ་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལེའུ་ལི་ནས་སྤྱི་ལོ་༢༠༡༦ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་པ་ཁྲ་ཤང་གི་ཧོ་ཀྲེ་རིགས་ཀྱི་མང་ཚོགས་ལ་གཟིགས་པར་ཕེབས་པའི་ངང་ཚུལ་ཡིད་ལ་གསལ་པོར་དྲན་གྱི་ཡོད།

       ལེའུ་ལི་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོ་པ་ཁྲ་ཤང་དུ་ཕེབས་སྐབས་ཆར་པ་འབབ་བཞིན་ཡོད་ཅིང་། ཆར་པའི་ཁྲོད་དུ་ཕེབས་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཁབ་ཀྱི་ཚབ་ཞུས་ཏེ་གྲངས་ཉུང་མི་རིགས་ལ་ཐུགས་ཁུར་དང་མཐོང་ཆེན་གནང་བ་ལེགས་པར་མཚོན་ཡོད་ཅེས་གསུངས་པ་དང་། དབྱི་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞུས་པེང་གིས་བདེ་སྐྱིད་ལྡན་པའི་ངང་ད་ལོ་དཔྱིད་གསར་དུས་ཆེན་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་ལའེང་ཧྲན་དུ་རྟོག་ཞིབ་གནང་བར་ཕེབས་ཚུལ་ལ་ཕྱིར་དྲན་གནང་ཡོད།

       ཞུས་པེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་བྲེལ་ཆེ་ཡང་ད་དུང་ང་ཚོ་ལེའང་ཧྲན་དུ་ཕེབས་པ་དང་། གྲོག་རོང་དང་། དབུལ་ཕོངས་རྫོང་། དབུལ་ཕོངས་ས་ཁུལ་བཅས་སུ་ཕེབས་ནས་དབུལ་ཕོངས་དུད་ཚང་ལ་གཟིགས་གནང་ཡོད། དེའི་ཐོག་ནས་ང་ཚོ་ལེའང་ཧྲན་མི་དམངས་རྣམས་སྙིང་སྟོབས་འཕེལ་བ་དང་སྐུལ་མ་ཆེན་པོ་ཐེབས་ཡོད། སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཁྲོད། མི་རིགས་ཤིག་དང་། ཁྱིམ་ཚང་ཞིག མི་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས་ཞེས་པའི་བཀའ་མོལ་དེ་གསུངས་ཡོད་ཅེས་བསྟན་ཡོད།

        རི་བོ་ཁྲང་པའེ་ཧྲན་དང་ཧེ་ལུང་ཅང་གཙང་འགྲམ་ནས་འགྲིམ་འགྲུལ་སྟབས་བདེ་མེད་པའི་ལེའང་ཧྲན་དབུས་ཁུལ་དང་། ཝུའུ་སུའུ་ལི་ཅང་གཙང་འགྲམ་ནས་མཐའ་མཚམས་ས་མཐོའི་བར། ཡངས་པའི་རྩྭ་ཐང་ནས་བྱེ་ཐང་ཆེན་མོ་བཅས་ཀྱི་བར། སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་གྲངས་ཉུང་མི་རིགས་ས་ཁུལ་དུ་བཞག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ས་ཁུལ་ལ་ཐུགས་ཁུར་གནང་བ་དེ། དྲོད་འཇམ་ཉི་འོད་ལྟར་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་དྲོ་སྐྱིད་འབྱིན་བཞིན་ཡོད། མི་རིགས་ས་ཁུལ་ཁག་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མེས་རྒྱལ་ས་གནས་ཁག་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདུན་བསྣམས་ཡོད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ནང་སོག་ནས་བདམས་ཐོན་བྱུང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པ་མ་ཟད། ཁོང་ནི་ད་དུང་རྒྱལ་ཡོངས་ཀྱི་མི་རིགས་ལྔ་བཅུ་ང་དྲུག་གི་ཐུན་མོང་གི་འཐུས་མི་ཡང་ཡིན་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་ལྔ་བཅུ་ང་དྲུག་ནས་གུས་བཀུར་ཞུ་བའི་གཙོ་འཛིན་བཟང་པོ་ཞིག་ཀྱང་ཡིན།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།