སྐབས་90པའི་ཨོ་སི་ཁའི་བྱ་དགའ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།   དུས་ཚོད།   2018-03-07རྩོམ་ཁུངས།    མི་དམངས་དྲ་བ།

                                                             སྐྱེས་པའི་གཙོ་འཁྲབ་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་གཱ་རའེ་·ཨོལ་ཏེ་མན།

      ཉེ་སྔོན། སྐབས་90པའི་ཨོ་སི་ཁའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཨ་རིའི་ལོ་ཧྲན་ཅེས་(Los Angeles)གྲོང་ཁྱེར་གྱི་ཧོ་ལའེ་ཝོད་ཏོལ་པའེ་ཟློས་གར་ཁང་(Hollywood Dolby Theatre)དུ་སྤེལ་བ་རེད། འཁྲབ་སྟོན་པ་གཱ་རའེ་·ཨོལ་ཏེ་མན་(Gary Oldman)གྱིས་གློག་བརྙན་《ནག་ཕྱོགས་ཀྱི་དུས་》(darkest hour)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་སྐྱེས་པའི་གཙོ་འཁྲབ་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། མོ་ཞི་ཁོ་རྒྱལ་ཁབ་ཀྱི་འཁྲབ་ཁྲིད་པ་གུ་ལའེ་མོ་·ཏེལ་·ཐོ་རོ་(Guillermo del Toro)ཡིས་གློག་བརྙན་《ཆུ་ཡི་དབྱིབས་གཟུགས་》(The Shape of Water)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་འཁྲབ་ཁྲིད་པ་ལེགས་ཤོས་དང་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ། ཨ་ལི་སོན་·ཅན་ནའེ་(Allison Janney)ཡིས་གློག་བརྙན་《ང་རང་སྟེ། ཐོ་ནའེ་ཡ་》(I, Tonya)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་བུད་མེད་འཁྲབ་སྟོན་པ་ཕལ་བ་ལེགས་ཤོས་ཀྱི་བྱ་དགའ་ཐོབ། NBAཡི་སྤོ་ལོ་རྩེད་མཁན་གྲགས་ཅན་ཟུར་པ་ཁའོ་པེ་·པི་རན་ཐི་(Kobe Bryant)ཡིས་ཁོང་ཉིད་ཞུགས་གསར་རྩོམ་བྱས་པའི་《སྙིང་ཉེ་བའི་ལག་རྩེད་སྤོ་ལོ་》(Dear Basketball)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་འཐུང་གྲས་འགུལ་རིས་ལེགས་ཤོས་ཀྱི་བྱ་དགའ་ཐོབ། སཱ་མོ་·རོ་ཁུ་ཝེ་ཨལ་(Sam Rockwell)ཡིས་གློག་བརྙན་《བརྡ་ཁྱབ་བྱང་བུ་གསུམ་》(Three Billboard)ཞེས་པར་བརྟེན་ནས་སྐབས་90པའི་ཨོ་སི་ཁ་ཡི་སྐྱེས་པའི་འཁྲབ་སྟོན་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།

                      འཁྲབ་ཁྲིད་པ་ལེགས་ཤོས་དང་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་གུ་ལའེ་མོ་·ཏེལ་·ཐོ་རོ།

འཁྲབ་སྟོན་པ་ཕལ་བ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་ཨ་ལི་སོན་·ཅན་ནའེ།

འཐུང་གྲས་འགུལ་རིས་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་ཁའོ་པེ་·པི་རན་ཐི།

སྐྱེས་པའི་འཁྲབ་སྟོན་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་སཱ་མོ་·རོ་ཁུ་ཝེ་ཨལ།

བྱ་དགའ་ཐོབ་མཁན་འགའ་ཡི་མཉམ་པར།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།