པུ་ལི་ཧྲིའི་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་དོགས་ཡོད་ཉེས་ཅན་བརྒྱད་འཛིན་བཟུང་བྱས།

རྩོམ་པ་པོ།   དུས་ཚོད།   2018-03-07རྩོམ་ཁུངས།    ཞིན་ཧྭ་གསར་འགྱུར་དྲ་བ།

      པུ་ལི་ཧྲིའི་ཞིབ་དཔྱོད་ཕྱོགས་ཁག་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཚེས་བཞི་ཉིན་གྱི་ཞོགས་པར་པུ་ལི་ཧྲིའི་ཉེན་རྟོག་ཕྱོགས་ཀྱིས་པུའུ་ལུའུ་སེར་ཉེ་འཁོར་གྱི་ས་ཁུལ་གསུམ་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྔོག་བཤེར་ཐེངས་བདུན་པ་སྤེལ་ཏེ། བསྡོམས་པས་དོགས་ཡོད་ཉེས་ཅན་བརྒྱད་འཛིན་བཟུང་བྱས། རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཁ་གྲངས་དེས་ཉེ་སྔོན་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་སྐབས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པའི་ཁ་གྲངས་ཀྱི་ཟིན་ཐོ་བསྐྲུན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགུལ་སྐྱོད་ཁྲོད་མཚོན་ཆ་དང་འགད་རྫས་སོགས་རྙེད་མེད།