བཙན་ལྷ་རྫོང་གིས་ཡུལ་གྲོང་ལྗོངས་སྐོར་གོང་དུ་སྤེལ་བར་གྲུབ་འབྲས་གཡུར་དུ་ཐོན་པ།

རྩོམ་པ་པོ།   ཆོས་རྒྱས།དུས་ཚོད།   2018-03-06རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ན་ནིང་བཙན་ལྷ་རྫོང་གིས་རྫོང་ཁོངས་ཀྱི་ལྗོངས་སྐོར་མཐུན་རྐྱེན་གཞིར་བཟུང་སྟེ་ཡུལ་གྲོང་མགྲོན་ཁང་དང་། རོང་འབྲོག་སྤྲོ་གསེང་གླིང་ག་སོགས་ཀྱི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་ཞིང་། སྡེ་བ་གཅིག་ལ་རྟགས་མ་གཅིག་བསྐྲུན་པར་ཤུགས་བསྣན་ཏེ་ཞིང་ལས་ཐོན་ལས་ཐུན་མོང་ངང་གོང་དུ་སྤེལ་བར་སྐུལ་འདེད་ཀྱིས་ཁྱད་ལྡན་ཡུལ་གྲོང་ལྗོངས་སྐོར་རྟགས་མ་བཟོ་བར་འབད་དེ་ས་གནས་རང་གི་ཁྱད་ཆོས་མངོན་པར་དོད་པའི་ལྗོངས་སྐོར་རྟགས་མ་མང་དུ་བཟོས་ཡོད།

          རྫོང་གིས་མི་ཡུལ་གྱི་དག་ཞིང་། དྲི་མེད་ཀྱི་བཙན་ལྷ་ཞེས་པ་བརྗོད་གཞིར་བྱས་པའི་བཙན་ལྷ་རྫོང་གི2017ལོའི་རིག་གནས་ལྗོངས་སྐོར་མཚམས་སྦྱོར་ཚོགས་འདུ་བསྡུས་ཏེ། ཚོགས་ཞུགས་སྐུ་མགྲོན་ཀུན་ལ་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་ཀུན་འཛོམས་ཀྱིས་རང་རྫོང་གི་རང་བྱུང་གི་བཀོད་པ་དང་། དམངས་སྲོལ། གསར་བརྗེའི་རིག་གནས། ཁྱད་ལྡན་ཐོན་རྫས་བཅས་ཉམས་སུ་མྱོང་དུ་བཅུག་པ་མ་ཟད། གཙོ་བོ་2017ལོའི་རི་བོ་སྐུ་བླའི་གནས་སྐོར་དང་གསར་བརྗེའི་ཟླ་དྲུག་པའི་བརྗོད་དོན་རིག་གནས་བྱེད་སྒོ་གཉིས་མཚམས་སྦྱོར་བྱས་ཤིང་། 2017ལོར་རྫོང་ཡོངས་ཀྱིས་རྒྱལ་ཕྱི་ནང་གི་ལྗོངས་རྒྱུ་བ་ཁྲི110.3སྣེ་ལེན་བྱས་ཡོད་ལ། ཡོང་འབབ་སྒོར་དུང་ཕྱུར8.7313ལོན་ཡོད། ན་ནིང་དང་བསྡུར་ན་བརྒྱ་ཆ18.60དང་17.17འཕར་ཡོད།