ཁྲིམས་བཀོད་ལོ་ཚོད་ལ་མ་སླེབས་པར་གཉེན་སྒྲིག་བྱས་ན་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་བམ།

རྩོམ་པ་པོ།   དུས་ཚོད།   2018-03-01རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཁྱོད་དང་བཀྲ་ཤིས་གཉིས་ཀྱིས་གཉེན་སྒྲིག་ཡི་གེ་བླངས་མེད་པར་མ་ཟད་ཁྲིམས་བཀོད་གཉེན་སྒྲིག་གི་ལོ་ཚོད་ལའང་སླེབས་མེད།  རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པ་དང་དོན་ཚན་བཅུ་བའི་ནང་གི་གཏན་འཁེལ་ལྟར་ན།  གཉེན་སྒྲིག་བྱེད་པར་རེ་བ་འདོན་པའི་ཕོ་མོ་ཕྱོགས་གཉིས་ཀ་ངེས་པར་དུ་རང་ཉིད་དངོས་སུ་ཐོ་འགོད་ལས་ཁུངས་སུ་སོང་ནས།  གཉེན་སྒྲིག་གི་འགྲོ་ལུགས་བསྒྲུབས་ཏེ་གཉེན་སྒྲིག་ཡི་གེ་བླངས་པ་ན་ད་གཟོད་ཁྱོ་ཤུག་གི་འབྲེལ་བ་དངོས་སུ་ཆགས་པ་ཡིན།   ཁྲིམས་བཀོད་གཉེན་སྒྲིག་གི་ལོ་ཚོད་ལ་མ་སླེབས་པའི་གཉེན་སྒྲིག་ནི་ནུས་མེད་གཉེན་སྒྲིག་ཡིན།   ནུས་མེད་དམ་མེད་པར་བཟོས་ཆོག་པའི་གཉེན་སྒྲིག་དེ་དང་ཐོག་ནས་བཟུང་ཁྲིམས་འགལ་ཡིན་ལ།  ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་སོགས་ཅི་ཡང་མེད།   ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》སྐོར་གྱི་གནད་དོན་འགྲེལ་བཤད་ཀྱི་དོན་ཚན་གཉིས་པའི་གཏན་འཁེལ་ལྟར་ན།  ཁྱོད་ཀྱིས་ས་གནས་དེའི་མི་དམངས་ཁྲིམས་ཁང་ལ་ཁྱོད་གཉིས་ཀྱི་གཉེན་སྒྲིག་དེ་ནུས་མེད་ཡིན་ཁྱབ་བསྒྲགས་བྱེད་པར་རེ་འདུན་ཞུས་ཆོག