ལོ་གསར་གྱི་ཉེར་མཁོ་ཉོ་བསྒྲུབ་བྱ་དུས་རྐུན་མར་མཉམ་འཇོག་བྱོས།

རྩོམ་པ་པོ།   དུས་ཚོད།   2018-02-13རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

         ལོ་རེའི་ལོ་མཇུག་གི་སྐབས་ནི་རྐུན་མའི་དོན་རྐྱེན་འབྱུང་མང་བའི་སྐབས་ཡིན་ལ། ལྷག་པར་དུ་མི་ཚོགས་མང་ས་ནི་རྐུན་མ་འདུ་ས་གཙོ་བོ་ཡིན་པས། རྒྱ་ཆེ་བའི་གྲོང་མི་རྣམས་ལ་དོགས་ཟོན་ཆེར་སྐྱེད་ཀྱི་གསལ་འདེབས་བྱས་པ་ཡིན། སྤྱིར་བཏང་གི་གནས་ཚུལ་འོག་ཏུ། རྐུན་མས་མི་རྣམས་སྐས་རྐང་ཐོག་ཏུ་ཡར་འགྲོ་མར་འབབ་བྱེད་སྐབས་དང་། ཚོང་ཟོག་ཉོ་སྐབས་སུ་རྐུ་བྱེད་པ་ཡིན་པས། འདིར་རྒྱ་ཆེ་བའི་གྲོང་མི་རྣམས་ལ་དངོས་པོ་རྩ་ཆེའི་རིགས་གོན་པའི་ནང་ཕྱོགས་ཀྱི་ཁུག་མར་འཇུག་པ་དང་། ཡང་ན་ཁུག་མ་བྲང་ཁར་འགེལ་བའི་གསལ་འདེབས་བྱས་པ་ཡིན།           

       ད་དུང་མི་ཆ་མེད་ཀྱིས་ཁྱོད་ལ་གདོང་གཏུག་བརྒྱབ་ནས་ལུས་པོ་འཕྲད་པར་བྱེད་ན། དེ་རིགས་ལའང་ཁྱེད་ཀྱིས་མཉམ་འཇོག་བྱ་དགོས་ཏེ། དེ་ནི་རྐུན་མས་ཁྱེད་ཀྱི་མཉམ་མི་འཇོག་པའི་སྐབས་དང་བསྟུན་ནས། གྲི་སྲབ་དང་ཡོ་བྱད་གཞན་རིགས་ཀྱིས་ཁྱེད་ཀྱི་ཁུག་མ་གཤགས་ཏེ་རྐུ་བྱེད་པ་ཡིན་ཀྱང་སྲིད། མི་ཆ་མེད་དང་ལུས་པོ་འཕྲད་པའི་གནས་ཚུལ་འོགགྲོང་མི་རྣམས་ཀྱིས་ངེས་པར་དུ་ཁུག་མ་བྲང་ཁར་འགེལ་དགོས་ལ། དེ་མཚུངས་སུ་རང་གི་གོན་པའི་ཁུག་མར་མཉམ་འཇོག་བྱ་དགོས། ཚོང་རར་དངོས་ཟོག་ཉོ་སྐབས་སུ།མི་གཞན་གྱིས་རྗེས་འདེད་བཞིན་པ་ཚོར་ཚེ། ངེས་པར་དུ་དོགས་ཟོན་ཆེར་སྐྱེད་བྱེད་དགོས་ལ། སྐད་གསེང་མཐོན་པོས་ཅིའི་ཕྱིར་ངའི་རྗེས་འདེད་པ་ཡིན་སོགས་སྐད་བརྒྱབ་ཀྱང་ཆོག དེ་མིན་རྗེས་འདེད་མཁན་དང་གདོང་གཏད་བྱས་ཆོག་ལ། དགོས་མཁོ་ཡོད་ན་ཉེན་རྟོག་པར་ཁ་པར་བརྒྱབ་ནས་ཞུ་གཏུག་བྱས་ཀྱང་ཆོག གནས་ཚུལ་འདི་འདྲའི་འོག རྐུན་མ་མང་ཆེ་བ་ནི་གནོང་ཡོད་པས་འཚུབ་འཚུབ་ངང་བྲོས་འགྲོ་བ་ཡིན།