སྤྱི་ཁྱབ་ཧྲུའུ་ཅི་ཝུན་ཁྲོན་ཡིང་ཞིའུ་གྲོང་རྡལ་དུ་ཕེབས་པ།

རྩོམ་པ་པོ།   དུས་ཚོད།   2018-02-13རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཚེས་12ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུན་ཁྲོན་རྫོང་ཡིང་ཞིའུ་གྲོང་རྡལ་དུ་ཕེབས་ནས་གཟིགས་ཞིབ་མཛད། ཞོན་ཁོའུ་སློབ་འབྲིང་གི་རྗེས་ཤུལ་དུ་ཕེབས་སྐབས། ཝུན་ཁྲོན་ས་འགུལ་ཆེན་མོའི་ས་འགུལ་ལས་ཚེ་སྲོག་ཤོར་བའི་སྤུན་ཟླ་དང་ས་འགུལ་གནོད་སེལ་སྐབས་སུ་སྐུ་གཤེགས་པའི་དཔའ་བོ་རྣམས་ལ་མེ་ཏོག་ཕུལ་བར་མ་ཟད། གུས་འདུད་ལན་གསུམ་ཞུས་ཏེ། ཁོང་གིས་ས་འགུལ་རྗེས་ཤུལ་ངེས་པར་དུ་སྲུང་སྐྱོང་བཟང་བོ་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་དུ་འགྱུར་དགོས་ཞེས་ནན་གྱིས་གསུངས།

             ཝུན་ཁྲོན་རྫོང་ཡིང་ཞོའུ་གྲོང་རྡལ་ནི“5·12”ནི་ཝུན་ཁྲོན་ས་འགུལ་ཆེན་མོའི་འགུལ་ལྟེ་ཡིན་ལ། ཚེས་12ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡིང་ཞིའུ་གྲོང་རྡལ་ཁྲང་ཀྲེན་དུ་ཕེབས་ནས་གནས་འདི་རུ་ས་འགུལ་བྱུང་རྗེས་ཀྱི་ལོ་ངོ་10རིང་གི་དར་རྒྱས་ཀྱི་གནས་ཚུལ་ལ་སྐུ་དངོས་ནས་གཟིགས་ཞིབ་མཛད། 

            ཡུལ་དེའི་མང་ཚོགས་ཀྱིས་ཚོང་གཉེར་བྱེད་པའི་ཇ་ལས་ཁང་དུ་ཕེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཇའི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་འབྱོར་ཕྱུག་ཏུ་འགྱུར་བཞིན་པའི་གནས་ཚུལ་རྒྱུས་ལེན་མཛད་པར་མ་ཟད། སྐུ་དངོས་ནས་དཀྲུགས་ཇ་བསྐོལ་བ་རེད། 

          གྲོང་དམངས་ཀྱིས་གཉེར་བའི་མགྲོན་ཁང་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཚོང་ལས་ཀྱི་གནས་ཚུལ་དང་བཟའ་ཚང་གི་འཚོ་བ་ཅི་འདྲ་ཡིན་པ་སོགས་བཀའ་འདྲི་མཛད་པར་མ་ཟད། ཁོང་གིས་སྐུ་དངོས་ནས་ཤ་རྔོ་ཚུལ་དང་སྲན་མ་འཐག་ཚུལ་ཉམས་ལེན་ཡང་མཛད། སྤྱི་ཁྱབ་ཧྲུའུ་ཅིས་མཆིག་སྐོར་བཞིན་ལག་ཤུགས་ལ་སྦྱོང་བ་ཐེབས་ཀི། ཇི་ལྟར་བསྐོར་ན་དེ་ལྟར་ཤེད་རྒྱས་ཀི་ཞེས་ཞལ་དགྱེས་དགྱེས་ངང་གསུངས་བ་ན། ཡུལ་དངོས་སུ་ཐལ་མོ་རྡེབ་སྒྲ་དང་དགོད་སྒྲས་ཁྱབ་སོང་།

           12ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡིང་ཞོའུ་གྲོང་རྡལ་ནས་གྱེས་རྗེས་རླངས་འཁོར་དུ་བཞུགས་ནས་ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ས་ཁུལ་ཐང་ཁྲང་སྲང་ལམ་ཀྲན་ཆི་གྲོང་རྡལ་ལ་གཟིགས་ཞིབ་ཏུ་ཕེབས་པ་རེད།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།