བོད་ཀྱི་སྲོལ་རྒྱུན་ཐ་སྙད་རིས་འགྲེལ་མིང་མཛོད་ཁ་པར་ཐོག་ཕབ་ལེན་ཐུབ།

རྩོམ་པ་པོ།   དུས་ཚོད།   2018-02-07རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་འཕྲིན་སྟེགས།

 ༼བོད་ཀྱི་སྲོལ་རྒྱུན་ཐ་སྙད་རིས་འགྲེལ་མིང་མཛོད་༽ཅེས་པ་ད་ཆ་ཁ་པར་ཐོག་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་པ་སྟེ། ཁ་པར་གྱི་མཉེན་ཆས་ཕབ་ལེན་བྱེད་ས་རུ་རྒྱ་ཡིག་传统图解词典ཞེས་པའི་ཡི་གེ་འགའ་གཏགས་ན་དེ་ཕབ་ལེན་བྱེད་ཐུབ་ཀྱི་འདུག 

         ཚིག་མཛོད་འདི་ནི་གཉུག་མ་ནས་བྱུང་བའི་ཐ་སྙད་མང་པོ་ཞིག་ངག་རྒྱུན་དང་སྐད་ཐོག་ན་ཇི་ལྟར་གནས་པ་དེ་ལྟར་ཡི་གེར་ཕབ་ནས་བསྒྲིགས་པ་ཞིག་སྟེ། འབྲོག་དང་རོང་དང་སྤྱིའི་ཐ་སྙད་ཀྱི་སྐོར་ཚོ་ཆེན་པོ ༣ ལ། ནང་ཚན་ཆུང་ངུ ༣༧ དུ་ཕྱེས་ཤིང་།  ཐ་སྙད ༢༥༤༩ དང་། པར་རིས ༡༢༡༢ ཀྱིས་གྲུབ་ཡོད།

         དེ་ཡང་ཡུལ་གངས་ཅན་གྱི་ལྗོངས་འདི་ཡུལ་གྲུ་རྒྱ་ཆེ་ཞིང་ཁ་སྐད་ཀྱི་རྣམ་གྲངས་མང་བས་རེ་རེ་ནས་འདྲི་རྔོ་མ་ཐོགས་པ་དང་། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་སྲོལ་རྒྱུན་གྱི་དངོས་པོ་མང་པོ་ཞིག་བེད་སྤྱོད་ཀྱི་ཡུལ་ལས་རིང་དུ་ཕྱིན་པ་སོགས་རྒྱུ་མཚན་དུ་མ་ཞིག་གིས། ཞིབ་ཅིང་ཕྲ་བའི་ངག་ཐོག་གི་ཐ་སྙད་དག་ཡོངས་སུ་བསྡུ་ནུས་པར་ལུས་ཡོད་ངེས་མོད། འདིར་པར་རིས་སུ་མ་འཁོད་པའི་ཐ་སྙད་དམ། འཁོད་ཟིན་པའི་ཐ་སྙད་དག་གི་སྐད་དོད་འབྲི་སྟངས་སམ། ཡང་ན་འདི་ལྟར་འཁོད་དུ་རུང་བའི་ཐ་སྙད་པར་རིས་དང་བཅས་པ་གང་མཆིས་དངོས་བརྒྱུད་གང་རུང་གིས་འདི་གར་འཕྲོད་ཐུབ་པ་བྱུང་ན། རྗེས་སོར་སྨད་ཆ་རྩོམ་སྒྲིག་བྱེད་པའི་སྐབས་སུ་འཐུས་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས། 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།