ཕྲུ་གུ་ཚ་བ་རྒྱས་སྐབས་བྱ་ཐབས་གཉིས་ཐལ་དྲགས་རྒྱུ་མེད།

རྩོམ་པ་པོ།   དུས་ཚོད།   2018-01-29རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།


          ཕྲུ་གུ་ཚ་བ་རྒྱས་སྐབས་ཁྱིམ་བདག་སོ་སོར་བྱ་ཐབས་མི་འདྲ་བ་ཡོད། ཁག་གཅིག་ཕྲུ་གུ་ཚ་བ་རྒྱས་སྐབས་སྐྲག་གི་ཡོད་པས་གཟུགས་པོའི་དྲོད་ཚད་ཏུའུ་38ཟིན་མ་ཐག་ཕྲུ་གུར་ཚ་བ་འཇགས་བྱེད་སྨན་སྟེར་གྱི་ཡོད། དོན་དངོས་ཐོག་ཚ་བ་དམའ་པོ(ཏུའུ་38.5)རྒྱས་ཚེ་ནད་འགོག་ནུས་པས་ཚ་བ་རྒྱས་པའི་ནད་རྟགས་འགོག་རྒྱུར་ཕན་ཐོགས་ཡོད། ཡང་ཁག་གཅིག་གིས་ཕྲུ་གུ་ཚ་བ་རྒྱས་ནས་ནད་འགོག་ནུས་པ་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་ན་སྨན་མ་སྟེར་ནའང་ཆོག་པའི་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ཚ་བ་མཐོ་པོ་རྒྱས་ཚེ་དྲན་པ་ཐོར་སྲིད་པས་ལྷོད་གཡེང་གཏན་ནས་གཏོང་མི་རུང་། གོང་གསལ་བྱ་ཐབས་དེ་གཉིས་ཀ་ཐལ་དྲགས་རྒྱུ་མེད།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།