གདོང་འབག་སྣ་ཚོགས་ཀྱིས་སྤྲས་པའི་དྭགས་པོ་བའི་འབག་བྲོ།

རྩོམ་པ་པོ།   དུས་ཚོད།   2018-01-24རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         འབག་བྲོ་ནི་དྭགས་པོ་བའི་མཆོད་འབུལ་དང་དགའ་སྟོན་དུས་ཆེན་སྐབས་སུ་འཁྲབ་པའི་དམངས་ཁྲོད་རིག་རྩལ་ཞབས་བྲོ་ཞིག་ཡིན། དམངས་ཁྲོད་རིག་རྩལ་ཞབས་བྲོ་དེ་འདྲ་ནི་གཟི་རྩ་སྡེ་དགུ་རྫོང་གི་དྭགས་པོ་སྡེ་བ་དང་ཉེ་འཁོར་གྱི་ཝུན་རྫོང་དང་ཕིང་ཝུའུ་རྫོང་གི་དྭགས་པོ་སྡེ་བ་བཅས་ལ་དར་ཁྱབ་ཆེ། 

       འབག་བྲོ་ནི་སྤྱི་ལོ་སྔོན་གྱི་དུས་རབས༡༦པར་ཕལ་ཆེར་བྱུང་བ་ཡིན། བཤད་རྒྱུན་ལྟར་ན་ཐོག་མར་མི་རྣམས་ཀྱིས་དྭགས་པོ་བའི་དཔོན་པོ་རྗེས་དྲན་བྱ་ཆེད་ཡིན་ལ། གདོང་འབག་སྣ་ཚོགས་བརྐོས་ཏེ། འབག་བྲོར་བཀོལ་བཞིན་འདུག

        དེང་སང་། འབག་བྲོ་ནི་མགོ་དབྱིབས་བཅུ་གཅིག་ཁོ་ནས་འཁྲབ་མོད། འོན་ཀྱང་ལོ་རྒྱུས་སུ་མགོ་དབྱིབས་ཧ་ཅང་མང་། འབག་བྲོ་ནི་རི་དྭགས་སྣ་བརྒྱ་མཚོན་པའི་ཞབས་བྲོ་ཡིན་པས་རི་དྭགས་མང་བོའི་མགོ་དབྱིབས་ལྡན་པར་འབག་བྲོ་འཁྲབ་དགོས་པ་རེད། དཔེར་ན། ཕག་མགོ་དང་བྱི་མགོ། ཁྱི་མགོ། བྱ་མགོ་སོགས་ལྟ་བུ། བཤད་རྒྱུན་ལྟར་ན། གདོང་འབག་ལེགས་སྒྱུར་དང་ཇེ་ཉུང་དུ་བཏང་བར་དམངས་ཁྲོད་གཏམ་རྒྱུད་ཅིག་ཡོད་དེ། གཏམ་རྒྱུད་དེ་ནི་ཕལ་ཆེར་ཤར་ཧན་དུས་སྐབས་སུ་བྱུང་། དབང་ཆེན་ཟེར་བའི་མི་ཞིག་ཨམ་རི་ཁོག་གི་བྲག་ཕུག་ཏུ་སྒོམ་ལ་བསྡད་ཡོད། ཉིན་ཞིག་ལོ་སྙིང་བཅུ་གཉིས་ཀྱི་སྲོག་ཆགས་ཁོའི་འགྲམ་དུ་ཐོན་ནས་མཉམ་དུ་སར་ཙོག་སྟེ། བདུད་མོ་ཞིག་གིས་ང་ཚོ་ཟ་ཉེན་ཆེ་བས། ཁྱེད་ཀྱིས་ང་ཚོའི་ཚེ་སྲོག་སྐྱོབས་ཐུབ་བམ་ཞེས་བཤད། དབང་ཆེན་གྱིས་མི་བཅུ་གཉིས་བཀོད་སྒྲིག་བྱས་ཤིང་། ལག་ལ་མདའ་བོའུ་བཅུ་གཉིས་བཞགས་ནས་བདུད་མོ་གསོད་དུ་བཅུག་ཀྱང་མཐར་བདུད་མོ་གསོད་མ་ཐུབ། དབང་ཆེན་གྱིས་དངོས་སུ་རལ་གྲི་ཞིག་གིས་བདུད་མོ་བསད་དེ། ལོ་སྙིང་བཅུ་གཉིས་སྲོག་ཉེན་ལས་ཐར། རྗེས་སུ་མི་རྣམས་ཀྱིས་འབག་བྲོ་འཁྲབ་སྐབས། རི་དྭགས་ཀྱི་མགོ་དབྱིབས་མང་བོའི་ཁྲོད་ནས་ཅུང་མཛེས་པའི་མགོ་དབྱིབས་ཁ་ཤས་བདམས་པས། གདོང་འབག་གི་གྲངས་ཚད་ཇེ་ཉུང་དུ་སོང་བ་རེད། ད་ལྟ། མི་རྣམས་ཀྱིས་ཟླ་དང་བོའི་ཚེས་བཅུ་དྲུག་ཉིན་འབག་བྲོ་འཁྲབ་སྐབས། མཇུག་མཐར་མི་གདོང་གིས་བཟོས་པའི་བདུད་མོ་ཞིག་གསོད་ཚུལ་འཁྲབ་པ་ནི། དབང་ཆེན་གྱིས་ལོ་སྙིང་བཅུ་གཉིས་ཀྱི་སྲོག་བསྐྱབས་པའི་བཤད་རྒྱུན་རྗེས་དྲན་བྱ་ཆེད་རེད།  

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།