ཆའང་རིགས་ཀྱི་ཐུན་མོང་མ་ཡིན་པའི་གླིང་བུ།

རྩོམ་པ་པོ།   ཨོ་རྒྱན་བཀྲ་ཤིས། དུས་ཚོད།   2018-01-19རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཆའང་གི་འཕྲེད་གླིང་། 

མི་རིགས་འདིའི་འདས་མ་ད་གསུམ་གྱི།

ཀྱག་ཀྱོག་དང་དཀའ་སྡུག་དཀྲོག་པའི།

ངོ་མཚར་དང་གཟི་བརྗིད་ངོམས་པའི།

གནའ་བོའི་རོལ་ཆས་དཀོན་པོ།

རོལ་ཆས་འདིས་ཆའང་གི་ལོ་རྒྱུས་འཆད་ནའང་། 

ཡིད་ཕངས་བ་ཞིག་ལ།

དུས་དེ་རིང་ཁོ་ཚོ་འདི་དང་རྒྱང་དུ་གྱེད་བཞིན་འདུག

གཅིག  ངོ་སྤྲོད་རགས་བསྡུས། 

              ཆའང་གི་འཕྲེད་གླིང་ནི། ཆའང་རིགས་ཀྱི་ཐུན་མོང་མིན་པའི་རོལ་ཆས་དཀོན་པོ་ཞིག་ཡིན་པ་དང་། འདི་ནི་སི་ཁྲོན་གྱི་ཝུན་ཁྲོན་དང་ལིས་རྫོང་། མའོ་རྫོང་སོགས་སུ་དར་ཁྱབ་ཆེ། འདིའི་གྲུབ་ལུགས་ནི། སྨྱུག་རྐང་གཉིས་ཀྱི་སྟེང་དུ་བུ་ག་གཉིས་གཉིས་མཉམ་གཤིབ་ཕུག་ཡོད། མཉམ་དུ་གཤིབ་ཡོད་པའི་བུ་ག་གཉིས་ལས་བཏོན་པའི་སྒྲ་གདངས་གཅིག་འདྲ་ཡིན། འཕྲེད་གླིང་འདིའི་སྒྲ་རྣ་བར་སྙན་ཞིང་འཇེབ་པ་དང་། སྒྲ་གདངས་གསལ་ལ་དྭངས་བས་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག་པར་བྱེད། གླིང་བུ་འདི་ནི་མི་རྣམས་ཀྱིས་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་། ལོ་སར་དང་དུས་སྟོན་གྱི་སྐབས་སུ་འབུད་པར་བྱེད་ལ། དེ་མིན། གཞོན་ནུ་ལོ་ཆུང་ཚོས་ཡིད་ཀྱི་བརྩེ་བ་གླིང་བུའི་གདངས་ལ་བརྒྱུས་ཏེ་ཕ་རོལ་བོར་དུངས་བ་བརྗོད་པར་ཡང་བྱེད།

གཉིས། ཕྱི་དབྱིབས། 

 གསུམ། ལོ་རྒྱུས།  

              ཆའང་གི་འཕྲེད་གླིང་ནི་རང་རྒྱལ་གྱི་གནའ་བོའི་རོལ་ཆས་ཤིག་ཡིན་ཏེ། ད་ལྟའི་བར་ལོ་ངོ་གཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན། ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན། ཆའང་གི་འཕྲེད་གླིང་ནི་ཧན་རྒྱལ་རབས་ཀྱི་དུས་ནས་ཀན་སུའུ་དང་སི་ཁྲོན་སོགས་སུ་དར་ཁྱབ་ཆེ་བ་དང་། ཐང་གི་དུས་སུ། རང་རྒྱལ་གྱི་མཐའ་མཚམས་སུ་དུས་རྒྱུན་མཐོང་ཐུབ་པ་རེད།

ཆའང་གི་འཕྲེད་གླིང་།

འདི་ནི་ཡབ་མེས་ཚོས་གནང་བའི་གདོད་མའི་རོལ་ཆས་ཤིག

ཆའང་རིགས་ཀྱི་གཟི་བརྗིད་དུ་གྱུར་བའི་རོལ་ཆས་ཤིག

བཞི། གླིང་བུ་བཟོ་ལུགས། 

              ཆའང་གི་འཕྲེད་གླིང་བཟོ་བར་སྨྱུག་ཤིང་དྲང་མོ་དང་ནང་ཁོག་ཟླུམ་པོ། འཛེར་བར་རིང་བོ། མགོ་རྔའི་སྦོམ་ཕྲ་སྙོམས་པ། སྨྱུག་ཤིང་གི་སྲབ་མཐུག་ཚད་དང་རན་པ་དང་སྲ་མཁྲེགས་ཅན་བཅས་གདམ་ནས་བཟོ་བར་བྱེད།   སྨྱུག་ཤིང་གི་རིང་ཐུང་དང་སྦོམ་ཕྲ། ཆེ་ཆུང་སོགས་ཀྱིས་འཕྲེད་གླིང་གི་སྒྲ་གདངས་གཏན་དུ་འཁེལ་བས་ན། སྨྱུག་ཤིང་གི་བུ་ག་དག་གི་བར་ཐག་དོ་མཉམ་ཡོང་བར་བྱ། འཕྲེད་གླིང་གི་རིང་ཚད་ཕལ་ཆེར་ལིས་སྨི་15ནས་20ཡི་བར་ཡིན་ལ། གྲུབ་ལུགས་ཕྲ་ཞིང་ཞིབ་པ་དང་། གླིང་བུའི་བུ་ག་དག་མཉམ་གཤིབ་ཏུ་ཡོད། 

ལྔ། འཕྲེད་གླིང་གི་འབུད་ལུགས།

             ཆའང་གི་འཕྲེད་གླིང་འབུད་པར་འགྲམ་པས་དབུགས་བརྗེ་ཐབས་སྤྱད་དེ་འབུད་དགོས་པ་དང་། དབུགས་ཐེངས་གཅིག་གིས་སྐར་མ་འགའ་རེར་ཡང་འབུད་ནུས་ལ། སྐབས་ལན་རེར་གདངས་གཅིག་པོ་དེ་ཡང་དབུགས་ཐེངས་གཅིག་གིས་འབུད་པ་སོགས་འབུད་རྩལ་ལ་རེ་བ་མཐོན་པོ་ཡོད། དེ་མིན། འཕྲེད་གླིང་འབུད་སྐབས། ཨོལ་མདུད་དང་འཛུབ་མོའི་ཡར་མར་གྱི་འགུལ་བསྐྱོད་ལས་སྒྲ་འདོན་པ་སོགས་འབུད་ལུགས་མང་བོ་ཡོད། 

དྲུག རྒྱུད་འཛིན།

              རང་རྒྱལ་གྱིས་དངོས་མིན་ཤུལ་བཞག་རིག་གནས་ལ་མཐོང་ཆེན་དང་སྲུང་སྐྱོབ་བྱེད་ཀྱིན་ཡོད། 2006ལོའི་ཟླ་5བའི་ཚེས་20ཉིན། ཆའང་གི་འཕྲེད་གླིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་སྟེ་རང་རྒྱལ་གྱི་རིམ་པ་དང་བོའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད། 2008ལོའི་ཟླ་6པར། ས་འགུལ་སྲུང་སྐྱོབ་ཚོ་ཆུང་གིས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་། ཚོགས་ཐོག་ནས་ས་འགུལ་གནོད་ཁུལ་བསྐྱར་འཛུགས་ལ་གྲོས་མོལ་བྱས་ནས། དངོས་མིན་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། གནོད་ཁུལ་བསྐྱར་བསྐྲུན་གྱི་རྗེས་སུ། ཆའང་གི་འཕྲེད་གླིང་སློབ་འཁྲིད་མཁན་ཞིག་གདན་འདྲེན་ཞུས་ནས། དངོས་མིན་ཤུལ་བཞག་རིག་གནས་འདི་མུ་མཐུད་ནས་གནས་པ་བྱེད་དོ།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།