གཏམ་དཔེ་རྣ་བའི་བུ་རམ།

རྩོམ་པ་པོ།   དུས་ཚོད།   2018-01-17རྩོམ་ཁུངས།    རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

བཀྲ་ཤིས་པའི་གླུ་ལེན་སར། །
ལྟས་ངན་པའི་སྡུག་སྐད། །

རྐུན་མ་ནང་ལ་བཞག །
སྒོ་ལྕགས་ཕྱི་ལ་བརྒྱབ། །

རྐུན་པོས་གཡག་ལ་བཞོན། །
གཡག་མགོས་རྟ་རྒྱུག་བཏང་། །

ལྐུགས་པས་སྤྱང་མདོག་བྱས། །
མངོན་གསལ་གཞན་ལས་དོད། །

སྐད་ཆར་ཆོ་མི་འདུག
སྦུད་པར་དབུགས་མི་འདུག

སྐོམ་དུས་ཆང་གིས་མ་ཕན་ན། །
རྫ་མའི་ཐེམ་བུ་རྡོལ་ཀྱང་བརྡོལ། །

སྐྱིད་པོ་ཉིས་བརྩེག་མེད་པའི། །
སྡུག་པོར་སུམ་བརྩེགས། །

སྐད་ཆ་མདུན་ལ་ཤོད། །
ལྕང་ལོ་རྒྱབ་ལ་གཡུགས། །

ཀྱག་ཀྱག་ཤིག་ལ་བྱས་ན། །
བེམ་པོ་མེས་འཚིག་ཡོང་། །

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།