གྲང་ངར་ཁྲོད་རྔ་ཁུལ་གྱི་ཆེས་གཅེས་པར་འོས་པའི་མི་དེ་སུ་ཡིན་ནམ།

རྩོམ་པ་པོ།   དུས་ཚོད།   2018-01-12རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དགུན་དུས་ཀྱི་འོད་སྣང་། 

          རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡས་མས་ཀྱི་ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་དུ་ཁ་བ་བབས་རྗེས་ཞིང་ཆེན་རིམ་པའི་ལམ་ཐིག་209པའི་ངོས་སུ་དར་འཁྱགས་ནས་རླངས་འཁོར་མང་བོ་ཞུད་འགྲོ། ཚེས་7ཉིན་གྱི་ཕྱི་དྲོར། ཨ་མཆོག་གྲོང་རྡལ་ཁོངས་སུ་དམངས་སྤྱོད་རླངས་འཁོར་ཞིག་ཆབ་རོམ་ཁྲོད་ལྷུང་།

          སྐབས་ཐོག་དེར་གྲང་ཚད་གོར་ཐིག་མན་གྱི་-10℃ཡིན། མི་དམངས་ཉེན་རྟོག་པས་གྲང་ངར་ལ་མི་འཛེམ་པར་ཆུ་ནང་ནས་རླངས་འཁོར་བླངས་སོང་། 

དར་བརྐོ་བ་དང་ཁངས་འཕྱག་པ།

འཕྲུལ་ཆས་ཀྱིས་དར་རྐོ་བཞིན་པ།

ཞུད་འགོག་གདན་འདིང་བཞིན་པ། 

ཞུད་འགོག་རྫས་ལམ་ངོས་སུ་བླུགས་པ།

ཕུ་རུང་ཡར་བརྫིས་ཏེ། ཐད་ཀར་དར་རྐོ་བཞིན་པ།

གཞུང་ལམ་ལས་བྱེད་མི་སྣས་དུས་ཚོད་24རིང་ལས་རེས་བྱས་ནས། རླངས་འཁོར་ཤར་གཏོང་བྱ་བར་སྔོན་འགྲོའི་ཆ་རྐྱེན་བསྐྲུན།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།