ཐེ་རོན་ཕུས་གོ་སྐབས་བྱུང་ན་ཅིན་ཀྲེང་ཨེན་དང་གླེང་མོལ་བྱ་རྒྱུ་བསྟན།

རྩོམ་པ་པོ།   དུས་ཚོད།   2018-01-12རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཐེ་རོན་ཕུས་གོ་སྐབས་བྱུང་ན་ཅིན་ཀྲེང་ཨེན་དང་གླེང་མོལ་བྱེད་སྲིད་པ་བསྟན།

           ཚེས་10 ཉིན། ཨ་རིའི་སྲིད་འཛིན་ཐེ་རོན་ཕུ་དང་ཁོ་རེ་ཡ་ལྷོ་མའི་སྲིད་འཛིན་ཝུན་ཙའེ་དབྱིན་གཉིས་ཞལ་པར་བསྐྱོན་རེས་གནང་སྐབས། ཨ་རིས་དུས་སྐབས་འོས་འཚམ་ནང་ཁོ་རེ་ཡ་བྱང་མ་དང་གྲོས་མོལ་གནང་ཆོག་པ་བསྟན་ཡོད།

ཚེས་10 ཉིན། ཨ་རིའི་སྲིད་འཛིན་ཐེ་རོན་ཕུ་དང་ཁོ་རེ་ཡ་ལྷོ་མའི་སྲིད་འཛིན་ཝུན་ཙའེ་དབྱིན་གཉིས་ཞལ་པར་བསྐྱོན་རེས་གནང་།

          ཚེས་10ཉིན་ཨ་རི་དང་ཁོ་རི་ཡ་ལྷོ་མ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་སྐར་མ་30རིང་ཞལ་པར་བསྐྱོན་རེས་གནང་པ་དང་། ཕྱོགས་གཉིས་ཀས་ཁོ་རེ་ཡ་ཕྱེད་གླིང་གི་ལྷོ་བྱང་གཉིས་ཀྱི་གླེང་མོལ་ནི་ཁོ་རེ་ཡ་བྱང་མས་འཐུས་ཚབ་ཚོགས་པ་མངགས་ནས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ལས་བརྒལ་ཡོད་པ་དང་། གོམ་སྟབས་རྗེས་མར་ཨ་རི་དང་ཁོ་རེ་ཡ་བྱང་མའི་བར་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་རྒྱུའི་དམིགས་ཡུལ་གྱི་གླེང་མོལ་ཡང་བྱེད་སྲིད་པ་བསྟན་ཡོད། 

       ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུ་ཡིས་འོས་འཚམ་གྱི་དུས་ཚོད་དང་གནས་ཚུལ་འོག གལ་ཏེ་ཁོ་རེ་ཡ་བྱང་མ་སྐད་ཆ་ཤོད་རེས་བྱེད་འདོད་ན། ཨ་རིས་སྐད་ཆ་ཤོད་རེས་ཀྱི་སྒོ་མོ་རྒྱ་ཆེར་ཕྱེ་སྲིད་ཅེས་དང་། གལ་སྲིད་ཆ་རྐྱེན་འདང་བ་ཡིན་ན། ཁོང་རང་ཉིད་ཀྱང་ཁོ་རེ་ཡ་བྱང་མའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་དང་ཐད་ཀར་གླེང་མོལ་བྱེད་འདོད་ཅེས་བསྟན་ཡོད།

          ཐེ་རོན་ཕུས། ཉེ་ཆར་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བའི་ནང་ཁོང་གིས་ཁོ་རེ་ཡ་བྱང་མར་ལ་དམག་དོན་ཐོག་ནས་རྡུང་རྡེག་གཏོང་རྒྱུའི་སྐོར་སྤེལ་འདུག དེ་ནི་གནས་ཚུལ་རྫུན་མ་ཤ་སྟག་རེད། ཁོ་རེ་ཡ་ལྷོ་བྱང་བར་གླེང་མོལ་བྱེད་རིང་ལ་ཨ་རིས་དམག་དོན་བྱ་སྤྱོད་གང་ཡང་སྤེལ་མི་སྲིད་ཅེས་བཤད་ཡོད།

ཁོ་རེ་ཡ་ལྷོ་བྱང་གི་འཐུས་ཚབ་ཀྱིས་ཚེས་9ཉིན་གྱི་དགོང་མོ་པན་མོན་ཏན་ནས་གྲོལ་མོལ་གནང་།

       ཁོ་རེ་ཡ་ལྷོ་མ་དང་ཁོ་རེ་ཡ་བྱང་མས་ཚེས་9 ཉིན་གྱི་དགོང་མོ་པན་མོན་ཏན་དུ་མཐོ་རིམ་གྲོས་མོལ་མཇུག་རྫོགས་པ་དང་། ཕྱོགས་གཉིས་པོས་ཐུན་མོང་གསལ་བསྒྲགས་སྤེལ་ཏེ། ཁོ་རེ་ཡ་བྱང་མ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་དང་། ཕྱོགས་གཉིས་ཀྱི་དམག་དོན་སྡེ་ཁག་གྲོས་མོལ་སོགས་ཀྱི་དོན་དག་ཐད་གཅིག་མཐུན་བྱུང་ཡོད་པ་བསྟན། ཕྱོགས་གཉིས་པོས་ནན་བཤད་གནང་དོན། ཁྱབ་ཁོངས་ཁག་གི་གྲོས་མོལ་འཚོགས་ཏེ། གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཁག་ཐག་གཅོད་བྱ་རྒྱུ་ཡིན་པ་བསྟན་ཡོད།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།