གཟི་རྩའི་ལྗོངས་ཁུལ་སྒོ་འབྱེད་དང་སྤ་སེའི་གོང་ཇེ་དམའ་རུ་གཏང་རྒྱུ།

རྩོམ་པ་པོ།   དུས་ཚོད།   2018-01-11རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

         གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་ཁུལ་དང་དུས་མཚམས་ཕྱེ་ནས་རིམ་གྱིས་སྒོ་མོ་འབྱེད་རྒྱུ་མ་ཟད། སྤ་སེའི་རིན་གོང་ཡང་དམའ་རུ་བཏང་སྟེ་མཛེས་ལྗོངས་ཁུལ་དེ་སྤྱི་ཕན་གྱི་ངོ་བོར་བསྒྱུར་རྒྱུ་རེད། འདི་ནི་ཉིན་ཤས་གོང་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་གི་གམ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ཞིག་རེད། ཁོང་གིས་ཁྲེང་ཏུའུ་རུ་འཚོགས་པའི2018ལོའི་རྔ་བ་ཁུལ་ཡུལ་སྐོར་ཁྲོམ་ར་བསྐྱར་དར་ལས་དོན་བཞུགས་མོལ་ཚོགས་འདུ་རུ་གཟི་རྩ་སྡེ་དགུས་ས་ཁོངས་དང་དུས་མཚམས་ཕྱེ་ནས་རིམ་གྱིས་སྒོ་མོ་འབྱེད་རྒྱུ་དང་ལོ་གསུམ་གྱི་རྗེས་སུ་སླར་གསོ་ཡག་པོ་ཐུབ་པ་བྱ་རྒྱུ་ཡིན་ལ། ང་ཚོས་སྤྱང་དྲུང་ལྡན་པའི་སྒོ་ནས་མཛེས་ལྗོངས་ཁུལ་ཧུར་ཐག་གིས་བསྐྲུན་ནས་སྤ་སེ་མངགས་ཉོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད། 

           གསར་འགོད་པས་བཅར་འདྲི་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྔ་བ་ཁུལ་གྱིས་གཟི་རྩ་སྡེ་དགུའི་སྤ་སེའི་རིན་གོང་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། བསྐྱར་སྐྲུན་བྱས་རྗེས་ཀྱི་མཛེས་ལྗོངས་ཁུལ་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་གྲགས་ཅན་གྱི་སྤྱི་ཕན་ངོ་བོར་བསྒྱུར་འདང་ཡོད་པ་རེད། སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས2017ལོའི་ཟླ1པ་ལ་བཀྲམ་པའི《8•8གཟི་རྩ་སྡེ་དགུའི་གནོད་རྗེས་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད》གཞིར་བཟུང་སྟེ། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག སི་ཁྲོན་གྱིས་མ་དངུལ་སྒོར་དུང་ཕྱུར118བཏང་ནས་དུས་ཡུན་ལོ་གསུམ་གྱི་རིང་ལ་གཟི་རྩ་སྡེ་དགུའི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་འགན་བསྒྲུབ་རྒྱུ་མ་ཟད། བདེ་འཇགས་ཚོད་སྐོར་གྱི་རྨང་གཞིའི་ཐོག་མཛེས་ལྗོངས་ཁུལ་གྱི་སྒོ་མོ་སྔ་ཙམ་འབྱེད་རྩིས་ཡོད་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། རྗེས་མར་རྔ་བ་ཁུལ་གྱིས་ཡུལ་སྐོར་དར་རྒྱས་དང་འཕེལ་རྒྱས་གཏོང་བའི་བསམ་འཆར་བཏོན་ནས་བསྐྱར་སྐྲུན་གྱི་བླང་བྱ་དང་འཕེལ་རྒྱས་ཀྱི་དུས་མཚམས་སྔར་བས་ཁ་གསལ་དུ་བཏང་སྟེ་ཁྲོམ་རར་སྔོན་དཔག་དང་ཁྲིད་སྟོན་གསལ་པོ་བྱ་རྒྱུ་ཡིན་པ་རེད།