སྐུ་བླ་རི་བོ་ལྗོངས་ཁུལ་དུAལྔ་རིམ་པའི་ལྗོངས་ཁུལ་གསར་བསྐྲུན་བྱས།

རྩོམ་པ་པོ།   དུས་ཚོད།   2018-01-09རྩོམ་ཁུངས།    རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

          ལོ་འཁོར་གཅིག་ལ་དུས་ཚིགས་བཞི་དང་། དུས་ཚིགས་བཞི་ལ་མཛེས་སྡུག་སྟོང་། ཤར་ཕྱོགས་ཀྱི་ཨར་པེ་སི་རི་བོར་བསྔགས་པའི་སྐུ་བླ་རི་བོའི་ལྗོངས་ཁུལ་ནི་གྲོང་ཁྱེར་ཁྲེང་ཏུའུ་དང་ལམ་ཐག་དུས་ཚོད་གསུམ་གྱི་སར་ཡོད་ཅིང་། དེ་ནི་ཆེས་ཆེ་བའི་ལྟེ་གནས་གྲོང་ཁྱེར་དང་ཁ་ཐག་ཆེས་ཉེ་བ་དང་། ལྗོངས་ཕྱིའི་ཐོན་ཁུངས་ཆེས་གཅིག་འདུས་ཡིན་པའི་མཐོ་སྒང་ལྗོངས་ཁུལ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ལྗོངས་ཁུལ་གྱིས་རྩ་བ་གཉིས་རྒྱུན་འཁྱོངས་དང་། རྨང་གཞི་གསུམ་སྲ་བརྟན། གདུང་མ་གཉིས་འཛུགས་སྐྲུན། དམིགས་འབེན་གསུམ་མངོན་འགྱུར་བཅས་ཀྱི་འཕེལ་རྒྱས་བསམ་བློའི་མཛུབ་ཁྲིད་འོག  ནུས་ཤུགས་ཡོད་རྒུས་ལྗོངས་ཕྱིའི་ཁྱད་ལྡན་ཡུལ་སྐོར་གསར་སྐྲུན་བྱས་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ལྗོངས་ཕྱིའི་རྒྱུ་འགྲུལ་ལ་དགའ་ཕྱོགས་ཡོད་པ་དག་གིས་དགའ་བསུ་ཐོབ། 

          རིང་ཚད་ལ་སྤྱི་ལེ་སུམ་བཅུ་ལྷག་ཡོད་པའི་ཧྲོང་ཆའོ་ལུང་བའི་ལྗོངས་ཁུལ་དུ་ནགས་ཚལ་དང་ན་འདམ། གངས་རི། སྤང་ལྗོངས། བྱེ་ནུར། འཁྱག་རོམ་སོགས་ཡུལ་གྱི་མཛེས་པ་སྣ་ཚོགས་གཅིག་ཏུ་འདུས་ཡོད། སྔོ་སངས་སྤྲིན་དཀའ་ལྡང་བའི་ནམ་མཁའི་འོག་ཏུ་སྐྱེ་ལུགས་ཐ་དད་ཅིང་ལོ་འདབ་མི་གཅིག་པའི་ལྗོན་ཤིང་སྣ་ཚོགས་དང་། བསིལ་འཇམ་དྭངས་གཙང་གི་ཆུ་ཕྲན། རྔམ་བརྗིད་འཇིགས་རུང་གི་རི་བྲག་བཅས་གཞི་གཅིག་ཏུ་འདྲེས་ནས། དགུན་ལྗོངས་འདི་རུ་རོ་ཉམས་བརྒྱ་ཡིས་རབ་ཏུ་བརྒྱན་པའི་འཁྱག་རོམ་གྱི་འཇིག་རྟེན་ཞིག་ཏུ་གྱུར་འདུག

          རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། སྐུ་བླ་རི་བོའི་ལྗོངས་ཁུལ་གྱིས་རིལ་ཁུལ་ལྗོངས་ཕྱིའི་ཁྱད་ཆོས་དང་སྣ་མང་ཅན་གྱི་ཐོན་ཁུངས་དགེ་མཚན་གཉིས་ཟུང་སྦྲེལ་དང་། ཡུལ་སྐོར་གྱི་བར་ཁྱད་ཅན་གྱི་འཕེལ་རྒྱས་འབུར་བཏོད་ནས། ནུས་ཤུགས་ཡོད་རྒུས་དོམ་ཁྲའི་སྤྲོ་སྐྱིད་གླིང་ག་དང་ལྗོངས་ཕྱིའི་སུམ་རྩེན་ལྡིང་ཁང་གི་སྣང་བརྙན་ལེགས་པར་བཞེངས་པ་དང་། སྲོལ་རྒྱུན་གྱི་བག་ཕེབས་ལྟ་སྐོར་ལྗོངས་རྒྱུ་ནས་བག་ཕེབས་ལྟ་སྐོར་དང་ལྗོངས་ཕྱིའི་ཁྱད་ལྡན་ཡུལ་སྐོར་གཙོ་བོ་ཡིན་པའི་འཕེལ་རྒྱས་ཀྱི་ལམ་ཁར་སྙེག་མགོ་བརྩམས་ཤིང་། སྤུས་དག་ལེགས་སྒྲུབ་ཀྱི་ཁྱད་ལྡན་ཡུལ་སྐོར་དང་། ཀྲུང་གོའི་ལྗོངས་ཕྱིའི་དག་ཞིང་བསྐྲུན་པ་ཞེས་པའི་འཕེལ་རྒྱས་དམིགས་འབེན་བཏོནཔ་དང་། ཧུར་ཐག་གིས་སྐུ་བླ་རི་བོ་དེ་ཀྲུང་གོའི་ཐོག་མའི་དོམ་ཁྲའི་ལྗོངས་ཕྱི་Aརིམ་པ་ལྔ་ཅན་གྱི་ཁྱད་ལྡན་ཡུལ་སྐོར་ལྟེ་གནས་སུ་བསྒྱུར་འདུག 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོསམ།