གཟི་ཚ་སྡེ་དགུས་གནོད་རྗེས་བསྐྱར་སྐྲུན་གྱི་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བ།

རྩོམ་པ་པོ།   དུས་ཚོད།   2017-12-12རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ཉེ་ཆར་གཟི་ཚ་སྡེ་དགུ་རྫོང་གིས་གནོད་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། མིག་སྔའི་བར་རྫོང་གིས་ཞིང་དུད9206ཉམས་གསོ་དང་ཞིབ་བཤེར་བྱས་པ་དང་། དེར་དུད་ཚང8853ཞིབ་བཤེར་བྱས་ཏེ་ཚད་ལོན་པ། དུད་ཚང353ལ་དག་ཐེར་དང་འཐུས་ཚང་དུ་གཏོང་དགོས། གཟི་ཚ་སྡེ་དགུ་རྫོང་གི་པའོ་ཧྭ་ཡུལ་ཚོའི་བྲག་རྩ་བཅོས་སྐྱོང་ལས་གྲྭ་སྤྱིའི་ལས་འབོར་གྱི་བརྒྱ་ཆ46ལེགས་གྲུབ་བྱུང་ཡོད་པ་དང་། ཧྲོང་ཧོ་ཡུལ་ཚོའི་ཀྲང་ཅ་ལིའང་གྲོང་ཚོ་རིམ་པའི་གཞུང་ལམ་ལས་གྲྭ་སྤྱིའི་ལས་འབོར་གྱི་བརྒྱ་ཆ54ལེགས་གྲུབ་བྱུང་ཡོད་ལ། གཙང་རྩ་གྲོང་རྡལ་གྱི་གྱོང་འཁྱག་གྲོང་ཚོ་རིམ་པའི་གཞུང་ལམ་ལས་གྲྭ་སྤྱིའི་ལས་འབོར་གྱི་བརྒྱ་ཆ68ལེགས་འགྲུབ་བྱུང་ཡོད། G544སྐྱ་ཙོག་གྲོང་ཚོའི་བྲག་རྩ་བཅོས་སྐྱོང་ལས་གྲྭ་ལེགས་གྲུབ་བྱུང་ཡོད་པ་དང་། ལུའོ་དབྱི་ཡུལ་ཚོའི་ཧོ་པ་གྲོང་ཚོ་རིམ་པའི་གཞུང་ལམ་ལས་གྲྭ་སྤྱིའི་ལས་འབོར་གྱི་བརྒྱ་ཆ96ལེགས་གྲུབ་བྱུང་ཡོད་ལ། ལུའོ་དབྱི་ཡུལ་ཚོའི་གཞུང་ལམ་གྱི་བཅོས་སྐྱོང་ལས་གྲྭ་སྤྱིའི་ལས་འབོར་གྱི་བརྒྱ་ཆ35ལེགས་འགྲུབ་བྱུང་ཡོད། ཚའོ་ཏི་ཡུལ་ཚོའི་ལས་གྲྭ་ལེགས་གྲུབ་བྱུང་ཡོད་པ་དང་། ལྷ་མཚོ་ནས་སྟག་ལོ་ཡུལ་ཚོའི་བར་གྱི་གཞུང་ལམ་ལས་གྲྭ་སྤྱི་ལས་འབོར་གྱི་བརྒྱ་ཚ69ལེགས་གྲུབ་བྱུང་ཡོད་ལ། རྫོང་གིས་ས་གཤིས་གནོད་འཚེ་བཅོས་སྐྱོང་སྔོན་ནས་སྤེལ་མགོ་ཚུགས་པའི་ས་གཤིས་ཉེན་སེལ་གེགས་སྐྱོབ་ཀྱི་རྣམ་གྲངས་ལས་གྲྭ་སྤྱིའི་ལས་འབོར་གྱི་བརྒྱ་ཆ75ལེགས་གྲུབ་བྱུང་ཡོད། རྒྱུས་ལོན་པ་ལྟར་ན། འཆར་འགོད་ནང་གི་འཕྲལ་སྡོམ་ཉེན་སེལ་གྱི་རྣམ་གྲངས་ཁྱོན་བསྡོམས36ཡོད་པ་དང་། སྔོན་གྱི་འཕྲལ་སྡོམ་ཉེན་སེལ་གྱི་རྣམ་གྲངས9ལེགས་གྲུབ་བྱུང་ཡོད་ལ། རྣམ་གྲངས27ད་ལྟ་ལག་བསྟར་བྱེད་བཞིན་ཡོད། འཆར་འགོད་ནང་གི་རྒྱུན་སྲོལ་གྱི་རྣམ་གྲངས་ཁྱོན་བསྡོམས36ཡོད་པ་དང་། སྔོན་གྱི་འཕྲལ་སྡོམ་ཉེན་སེལ་གྱི་རྣམ་གྲངས7ལེགས་གྲུབ་བྱུང་ཡོད་ལ། རྣམ་གྲངས29གྲ་སྒྲིག་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།