བཙན་ལྷ་རྫོང་གིས་ཐུན་མོང་དཔལ་འབྱོར་སྣ་མང་འཕེལ་རྒྱས་ཀྱི་ལམ་བུ་སྙེགས་པ།

རྩོམ་པ་པོ།   ཆོས་རྒྱས། དུས་ཚོད།   2017-12-12རྩོམ་ཁུངས།   

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ཐུནམོང་དཔལ་འབྱོར་གོང་འཕེལ་ཡོང་ཆེད་དུ་ཉེ་ཆར་བཙན་ལྷ་རྫོང་གིས་རྟེན་ས་ལྔ་ཡི་ཐབས་ལམ་གྱི་སྒོ་ནས་ཐུན་མོང་དཔལ་འབྱོར་སྣ་མང་འཕེལ་རྒྱས་ཀྱི་ལམ་བུ་སྙེགས་བཞིན་འདུག

       རྫོང་གིས་ཐུན་མོང་གི་ཐོན་ཁུངས་ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ། ཐུན་མོང་གི་ས་རྒོད་དང་། ས་ཞིང་། གསོ་ར། ཁང་བ་སོགས་བེད་མེད་ཐོན་ཁུངས་རྣམས་བེད་སྤྱད་དེ། འགན་གཙང་ལེན་དང་། སྐོར་རྒྱུག སྤྱོད་དབང་གཡར་བ། གླ་བ་སོགས་ཀྱི་གཉེར་སྐྱོང་གི་ཐབས་ལམ་གྱིས་ཐུན་མོང་གི་ཐོན་ཁུངས་བེད་སྤྱོད་ཅི་ཐུབ་བྱས་ཏེ། ཐོན་ཁུངས་བཅོས་སྒྱུར་དང་བེད་སྤྱོད་ཀྱི་རིན་ཐང་གོང་མཐོར་བཏང་ཞིང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ཡང་རིམ་གྱིས་འཕར་བ་བྱ་རྒྱུ། ཞིང་འབྲོག་ཐོན་ཁུངས་ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བ་དང་། ས་གནས་ཐོན་ཁུངས་ཀྱི་མཐུན་རྐྱེན་བརྟེན་ནས་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བ། ཡུལ་དུས་དང་མཐུན་པའི་སྒོ་ནས་ཁྱད་ལྡན་གསོ་སྤེལ་ལས་རིགས་ཤུགས་ཆེན་སྤེལ་ཏེ། ལྗང་མདོག་སྔོ་ཚལ་དང་། རྒྱ་སེའི་མེ་ཏོག ཀུ་ཤུ། རྒུན་འབྲུམ། ཁམ་བུ་མངར་མོ། སྟར་ག་སོགས་འདེབས་པ་དང་། ཚད་ལྡན་ནོར་ནག་གསོ་བ་སོགས་ཀྱི་ཐོན་ལས་གཙོ་ཤོས་གཉེར་བ། རྫོང་ཡོངས་སུ་ཁྱོན་ལྗང་མདོག་སྔོ་ཚལ་དང་། སིལ་ཏོག ཀྲུང་ལུགས་སྨན་རྫས་སོགས་ཐུན་མོང་ཁྱད་ལྡན་འདེབས་གསོའི་རྟེན་གཞི་མུའུ་ཁྲི12དང་། ཚད་ལྡན་ནོར་ནག་གསོ་ར35བཅས་ཡོད། ས་ཁུལ་གྱི་མཐུན་རྐྱེན་ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བ། ལྗོང་སྐོར་ཐོན་ཁུངས་བཟང་པོར་བརྟེན་ནས་ཡུལ་གྲོང་གསོལ་མགྲོན་ཁང་དང་། རོང་འབྲོག་སྤྲོ་གསེང་གླིང་གས་ཐུན་མོང་དཔལ་འཕེལ་བར་སྣེ་འཁྲིད་པ།

       མ་ཅ་ལུང་པའི་ཡུལ་གྲོང་ལྗོངས་སྐོར་ཤུགས་ཀྱིས་སྤེལ་ཏེ་སྤྲོ་གསེང་ལྗོངས་རྒྱུ་བར་འགྲོ་འདུག་ཉལ་འཆག་གི་ཕྱོགས་ཡོངས་ཀྱི་ཞབས་ཞུ་སྤེལ་ཏེ། མང་ཚོགས་ཀྱི་ཡོང་སྒོ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་གཉིས་ཀ་འཕར་བ་བྱ་རྒྱུ། ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་ཀྱིས་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བ། མཉམ་ལས་ཁང་དང་གྲོང་ཚོ་རིམ་པའི་ཐུན་མོང་ཐོན་ཁུངས་མཉམ་འདུས་ཀྱི་གོང་འཕེལ་ལམ་བུ་བཙལ་ཏེ། ཐུན་མོང་འདེབ་གསོའི་རྟེན་གཞི་དང་ཞིང་གྲོང་ངལ་རྩོལ་ནུས་ཤུགས་ལྷག་མའི་ཐོན་ཁུངས་ལ་བརྟེན་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བ། དྲ་ཚོང་སྟེགས་བུར་བརྟེན་ནས་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བ།

       དྲ་ཚོང་སྟེགས་བུ་དང་དྲ་ཚོང་དྲ་རྒྱ། ཞིང་ཁྱིམ་བཅས་སྦྲེལ་བའི་གྲོང་ཚོའི་དྲ་ཚོང་འཕེལ་རྒྱས་ལམ་ལུགས་གསར་དུ་བཙུགས་ཏེ། གྲོང་ཚོའི་ཐུན་མོང་ངང་གཉེར་སྐྱོང་ཡུལ་དང་། ཞབས་ཞུའི་རྣམ་གྲངས། ཐོན་ཁུངས་བཅོས་སྒྲིག་སོགས་ཀྱི་ལས་དོན་གྱི་འགན་ཁུར་བ་དང་། གློག་ཀླད་སོགས་གཏན་འཇགས་ཀྱི་ཐོན་རྫས་གྲོང་ཚོར་དབང་བ་དང་། གྲོང་ཚོའི་ལས་བྱེད་པ་དང་། ན་གཞོན་ཏང་ཡོན། ཕྱུག་སྒྱུར་གྱི་སྣེ་ཁྲིད་པ་སོགས་དྲ་ཚིགས་དོ་དམ་པ་རུ་གསོ་སྐྱོང་གནང་སྟེ། མང་ཚོགས་ལ་ཉོ་རོགས་འཚོང་རོགས་ཀྱི་ཞབས་ཞུ་བྱ་བ་དང་། གཉེར་སྐྱོང་གི་ཡོང་སྒོ་ལོ་རེར་བརྒྱ་ཆ་ལྟར་གྲོང་ཚོའི་ཐུན་མོང་དུ་སྤྲོད་རྒྱུའོ།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།