རྔ་བ་རྫོང་གིས་སྐད་གཉིས་བྱིས་པའི་སློབ་དེབ་དང་ཚོད་སྤྱོད་ཀློག་དེབ་ཐད་ལ་སྦྱོང་བརྡར་བྱས།

རྩོམ་པ་པོ།   དུས་ཚོད།   2017-12-05རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        རྔ་བ་རྫོང་གི“ལོ་བཅོ་ལྔའི་འོས་འགན་སློབ་གསོ”ཏན་ཏིག་གིས་སྐུལ་འདེད་དང་། སློབ་ན་མ་སོན་པའི་སློབ་གསོ་སྤུས་ཚད་མཐོར་འདེགས་གཏོང་ཆེད། ཉེ་ཆར། རྔ་བ་རྫོང་སློབ་གསོ་ཅུས་ཀྱིས་རྫོང་ཡོངས་ཀྱི་སྐད་གཉིས་བྱིས་པའི་དགེ་རྒན་རྩ་འཛུགས་བྱས་ནས། མཁར་ཞོལ་སློབ་ཆུང་དང་བོ་རུ་སྐད་གཉིས་བྱིས་པའི་སློབ་དེབ་དང་ཚོད་སྤྱོད་ཀློག་དེབ་ཐད་ཀྱི་ཆེད་དོན་སྦྱོང་བརྡར་བྱས།

        ཤེས་གསལ་ལྟར་ན།  སྦྱོང་བརྡར་གྱི་ཚོགས་འདུའི་ཐོག རྫོང་དེའི་སྐད་གཉིས་བྱིས་པའི་དགེ་རྒན་གྱིས《བྱིས་པའི་རྒྱུན་ལྡན་གྱི་དོ་དམ་སྒྲིག་སྲོལ་ཞིབ་ཕྲ》དང《རྔ་བ་ཁུལ་གྱི་བྱིས་པའི་དགེ་རྒན་གྱི་ལས་སྒོ་གོང་འཕེལ་འཚོལ་ཞིབ》། 《བྱིས་པ་ཁང་གི་རྒྱུན་ལྡན་གྱི་དོ་དམ》། 《འབྲོག་ཁུལ་གྱི་སྐད་གཉིས་བྱིས་པ་ཁང་གི་སློབ་དེབ་དང་ཚོད་སྤྱོད་ཀློག་དེབ》སོགས་ལ་སྦྱོང་བརྡར་བྱས། ཐེངས་འདིའི་སྦྱོང་བརྡར་ནི་རྫོང་ཡོངས་ཀྱི་སྐད་གཉིས་བྱིས་པ་ཁང་དུ་ཁེབས་ལ། སྦྱོང་བརྡར་བྱས་པ་བརྒྱུད་རྫོང་དེའི་བྱིས་པའི་དགེ་རྒན་གྱི་སློབ་ཁྲིད་དང་དོ་དམ་ནུས་པ་ནུས་ཡོད་ཀྱིས་མཐོར་འདེགས་བཏང་ཞིང་། སློབ་ཁྲིད་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྫོང་དེའི་སྐད་གཉིས་བྱིས་པའི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་བཏིང་།།