ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་ཏེང་ཁྲོན་རང་ཁུལ་དུ་ཕེབས་ནས་ཞིབ་དཔྱོད་ལས་ཀར་བརྟག་ཞིབ་མཛད།

རྩོམ་པ་པོ།   དུས་ཚོད།   2017-12-05རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

 

      ཉེ་ཆར། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་འགོ་འཛིན་ཏེང་ཁྲོན་རང་ཁུལ་དུ་ཕེབས་ནས་བརྟག་ཞིབ་མཛད། ཁོང་གིས་གསུང་དོན། གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཧྲུའུ་ཅི་ཝང་ཏུང་མིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དུ་བསྟར་བ་དང་། “ནན་པོ་གསུམ་དང་དངོས་གནས་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཞིབ་དཔྱོད་ལས་སྒོ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་གཉིས་ཟུང་དུ་འབྲེལ་ནས། རྒྱུན་ཆད་མེད་པར་ཞིབ་དཔྱོད་ཁྲིམས་འཛིན་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བར་བརྟེན། སི་ཁྲོན་ནུབ་བྱང་གི་སྐྱེ་དངོས་དཔལ་འབྱོར་དཔེ་སྟོན་གླིང་ཁུལ་བསྐྲུན་པར་ནུས་ལྡན་གྱི་ཁྲིམས་འཛིན་འགན་ལེན་འདོན་སྤྲོད་བྱ་དགོས།
     ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་ཡར་ཞུའི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།
     ཉིན་གསུམ་རིང་དུ། ཏེང་ཁྲོན་སྔ་ཕྱིར་མའོ་རྫོང་དང་ཟུང་ཆུ། མཛོད་དགེ། ཧུང་ཡོན། འབར་ཁམས་སོགས་ཀྱི་རྫོང་ཁག་ལྔའི་གཞི་རིམ་ཞིབ་དཔྱོད་ཁང་དང་ཁུལ་ཞིབ་དཔྱོད་ཁང་གི་ལས་ཁུངས་སུ་ཕེབས་ནས་ཞིབ་དཔྱོད་ཁང་སོ་སོའི་འབྲེལ་ཡོད་ལས་སྒོའི་ལས་ཀ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྱོད་གཞི་ཞིབ་བཤེར་ཐག་གཅོད། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ཞིབ་མོར་བླངས་པ་དང་མཛའ་བརྩེ་ལྡན་པའི་སྒོས་གཞི་རིམ་གྱི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་རྣམས་ལ་གཟིགས་ནས། ཁོ་ཚོས་ཆབ་སྲིད་སློབ་སྦྱོང་དང་ལས་སྒོ་སློབ་སྦྱོང་། རང་ཉིད་ཀྱི་བློ་སྦྱོང་བྱེད་ཤུགས་བསྣན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ཕྱོགས་བསྡུས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་དང་སྔར་ལས་ལེགས་པའི་སྒོས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་ཞུ་བའི་སྐུལ་མ་གནང་།
     ཚེས18ཉིན་དུ་འཚོགས་པའི་ཡར་ཞུའི་ཚོགས་འདུ་རུ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་འགོ་འཛིན་ཝང་ཅང་ལིས་བདེ་འཇགས་རྔ་ཁུལ་བསྐྲུན་པར་དམིགས་ནས་ཤུགས་ཆེན་པོས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བ་སྲུང་སྐྱོང་བྱེད་པ་དང་། རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་དམིགས་ནས་ལས་གནས་ཉེས་ཅན་ལ་ཧུར་ཐག་གིས་ཞིབ་བཤེར་ཐག་གཅོད་དང་སྔོན་འགོག་བྱེད་པ། ཁྲིམས་སྐྱོང་གི་རྔ་ཁུལ་འཛུགས་སྐྱོང་ལ་དམིགས་ནས་ཁྲིམས་འཛིན་གཞུང་དྲང་དང་ཁྲིམས་སྐྱོང་གི་དབང་གྲགས་ཧུར་ཐག་གིས་སྲུང་སྐྱོང་བྱེད་པ། སྐྱེ་དངོས་དཔལ་ཡོན་འཛུགས་སྐྱོང་ལ་དམིགས་ནས་སི་ཁྲོན་ནུབ་བྱང་གི་སྐྱེ་དངོས་དཔལ་འབྱོར་དཔེ་སྟོན་གླིང་ཁུལ་བསྐྲུན་པར་ཧུར་ཐག་གིས་ཞབས་ཞུ་དང་སྲུང་སྐྱོང་བྱེད་པ། ཚད་ལྡན་ཅན་འཛུགས་སྐྲུན་ལ་དམིགས་ནས་རྒྱུན་ཆད་མེད་པར་བཅའ་ཁྲིམས་ལྟ་སྐུལ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ་སོགས་ཀྱི་ཕྱོགས་ལྔའི་ཐད་ནས་ད་ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཀ་སྤེལ་ཚུལ་ཡར་ཞུ་བྱས་པ་དང་། ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་བསྣན་པ་དང་ཞིབ་དཔྱོད་ལས་དོན་འགན་ལེན་བྱེད་པའི་ཆུ་ཚད་ལ་ཤུགས་སྣོན། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།
     ཏེང་ཁྲོན་གྱིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀ་ཞུས་པར་ནན་པོར་གསན་རྗེས། རང་ཁུལ་གྱི་ཞིབ་དཔྱོད་ལས་ཀར་གདེང་འཇོག་ལེགས་པོ་མཛད།
     ཏེང་ཁྲོན་གྱིས་རེ་འདུན་གནང་དོན། ཁུལ་དང་རྫོང་རིམ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཧྲུའུ་ཅི་ཝང་ཏུང་མིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དུ་བསྟར་ནས། ཕྱོགས་དྲུག་གི་ལས་ཀ་ལེགས་པོར་བཟུང་སྟེ། སི་ཁྲོན་ནུབ་བྱང་གི་དཔལ་འབྱོར་དཔེ་སྟོན་གླིང་ཁུལ་བསྐྲུན་པར་ནུས་ལྡན་གྱི་ཁྲིམས་འཛིན་འགན་ལེན་འདོན་སྤྲོད་བྱ་དགོས། དང་བོ་ནི་མུ་མཐུད་དུ་ལྟེ་གནས་ལ་དམིགས་པ་དང་གནས་ཚུལ་ཧྲིལ་བོར་ཞབས་ཞུ་བྱ་དགོས། གཉིས་པ་ནི་ཞིབ་དཔྱོད་ཀྱི་འགན་ནུས་ལག་ཏུ་ལེགས་པོར་བསྟར་ནས་ཕྱོགས་ཡོངས་ནས་འགན་ནུས་ལག་ཏུ་བསྟར་བའི་ཆུ་ཚད་དང་ནུས་པ་ཇེ་མཐོར་གཏོང་དགོས། གསུམ་པ་ནི་ཁྲིམས་འཛིན་བྱ་སྤྱོད་ཀྱི་ཆེད་དོན་དག་ཐེར་བྱེད་སྒོ་ཚད་ལྡན་ཅན་དུ་བསྒྱུར་བ་ལེགས་འཛིན་བྱ་དགོས། བཞི་བ་ནི་ནུས་ཤུགས་ཡོད་དགུས་འགོ་ཁྲིད་ཚན་ཁག་དཔུང་སྡེ་འཛུགས་སྐྱོང་ལེགས་པོར་བཟུང་ནས་ཕྱོགས་ཡོངས་ནས་དཔུང་སྡེའི་བྱང་ཚད་ཇེ་མཐོར་གཏོང་དགོས། ལྔ་བ་ནི་རང་མོས་ཀྱིས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་བྱེད་པའི་རེ་འདུན་དང་བསྟུན་ནས་ཁྲིམས་འཛིན་སྒྱུར་བཅོས་ཚོད་ལྟ་སྤེལ་བར་སྐུལ་འདེད་གཏོང་དགོས།  དྲུག་པ་ནི་ཞིབ་དཔྱོད་ལས་དོན་གྱི་འགན་ལེན་ཆུ་ཚད་ལ་ཤུགས་སྣོན་གཏོང་དགོས།
     ལིའུ་ཙུའོ་མིང་གིས་བསྟན་དོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྟོབས་ཤུགས་ཡོད་དགུ་བཏོན་ནས་ཁུལ་དང་རྫོང་གི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཀར་རོགས་སྐྱོར་བྱས་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་དང་གཞུང་དྲང་། རང་ཚུགས་ཀྱིས་གྱོད་གཞི་སྒྲུབ་ཐུབ་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་ནུས་ལག་ཏུ་ལེགས་པོར་བསྟར་བའི་ཁོར་ཡུག་དང་ཆ་རྐྱེན་ལེགས་པོ་བསྐྲུན་ངེས་རེད།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།