རྔ་བ་རྫོང་གིས་ཁྲིམས་ལུགས་དྲིལ་སྒྲོག་དང་གཤམ་སྤེལ་བཞིའི་བྱ་འགུལ་གཅའ་ཁོག་ཕྱུགས་རར་སྤེལ།

རྩོམ་པ་པོ།   དུས་ཚོད།   2017-12-05རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


        ཟླ་༡༡པའི་ཚེས་༢༧ཉིན། རྔ་བ་རྫོང་གིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཁྲིམས་ལུགས་དྲིལ་སྒྲོག་དང་ཚན་རྩལ་དང་འཕྲོད་བསྟེན། རིག་གནས། བཅའ་ཁྲིམས་གཤམ་སྤེལ་བཞིའི་བྱ་འགུལ་གཅའ་ཁོག་ཕྱུགས་རར་སྤེལ་ལ། ཐེངས་འདིའི་བྱ་འགུལ་དུ་འབྲོག་པ་མང་ཚོགས་༦༠༠ལྷག་ཞུགས། བྱ་འགུལ་ཁྲོད་སྒྲོག་འགྲེལ་པས་ཁ་གསལ་ཞིང་གོ་སླ་བའི་སྐད་ཆས་མང་ཚོགས་ཚོར་ཀྲུང་དབྱང་དང་ཞིང་ཨུའི་བོད་ཁུལ་འཚོགས་འདུ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ། ཞིང་ཨུའི་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན། དམངས་ཕན་སྲིད་ཇུས་སྣ་མང་སྒྲོག་འགྲེལ། ཞབས་བྲོ་བས་རོང་འབྲོག་མང་ཚོགས་ཚོར་རིག་རྩལ་འཁྲབ་སྟོན་བྱས་པ་མ་ཟད། ཚན་རྩལ་དང་བཅའ་ཁྲིམས་སོགས་ཀྱི་དྲིལ་སྒྲོག་ཡིག་ཆ་དེབ་གྲངས་༡༨༠༠ལྷག་དང་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཀྱི་ལོ་ཐོ་༢༠༠། རིན་གོང་སྒོར་༢༥༠༠ཡི་རྒྱུན་མཁོའི་སྨན་རྫས་སོགས་སྟེར་བ་རེད།།