ས་ཆ་སོ་སོས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།   དུས་ཚོད།   2017-12-05རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


        བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དེ་ཟླ་དྲུག་པ་ནས་འགོ་བཟུང་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཟའ་བཅའི་གཞུང་ལས་ཁང་སོགས་ལས་ཁུངས་༡༨ཀྱིས་མཉམ་དུ་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱ་འགུལ་སྤེལ། ཟླ་༦པའི་ཚེས་༡༦ཉིན་ནས་ཟླ་༧པའི་ཚེས་༢ཉིན་བར་དུ་ས་ཆ་སོ་སོ་དང་འབྲེལ་ཡོད་ཀྱི་ལས་ཁུངས་སོ་སོས་ཀུན་སྤྱོད་ལ་བརྩི་སྲུང་དང་ཕྱོགས་ཡོངས་ནས་བཟའ་བཅའི་བདེ་འཇགས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་བརྗོད་བྱ་བྱས་ནས། རྒྱལ་ཡོངས་སུ་གཅིས་བསྡུས་ངང་བཟའ་བཅའི་བདེ་འཇགས་བརྗོད་བྱ་གཙོ་བོར་བྱས་པའི་སློབ་གསོ་དྲིལ་བསྒྲགས་བྱ་འགུལ་རིགས་༧༠ལྷག་སྤེལ་བ་རེད།།