ཧུང་ཡོན་རྫོང་གིས་གསེར་དེའུ་གྲོང་རྡལ་དུ་བཅའ་ཁྲིམས་དྲིལ་སྒྲོག་བྱ་འགུལ་སྤེལ།

རྩོམ་པ་པོ།   དུས་ཚོད།   2017-12-05རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

 

         ཟླ་༡༡པའི་ཚེས་༢༤ཉིན། ཧུང་ཡོན་རྫོང་གི་ལས་ཁུངས་མང་བོ་མཉམ་དུ་གསེར་དེའུ་གྲོང་རྡལ་དུ་འཛོམས་ནས་གཤམ་སྤེལ་གསུམ་གྱི་བྱ་འགུལ་དང་བཅའ་ཁྲིམས་བདུན་སྐྱེལ་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ་ལ། བྱ་འགུལ་ནང་དུ་ཏང་གི་དམངས་ཕན་སྲིད་ཇུས་དང་བཅའ་ཁྲིམས་སྒྲིག་སྲོལ། གནད་འཁེལ་དརྗལ་སྐྱོར། ཚན་རིག་ལག་རྩལ། སྨན་བཅོས་ཤེས་བྱ་སོགས་དྲིལ་སྒྲོག་བྱས་པ་མ་ཟད། ཡུལ་དེའི་མི་སེར་ཚོར་བོད་ཀྱི་ཟློས་གར་རྣམ་ཐར་སོགས་རྩེད་རིགས་མང་བོ་འཁྲབ་སྟོན་བྱས། ཐེངས་འདིའི་བྱ་འགུལ་ཁྲོད་རིན་མི་དགོས་པར་ཡུལ་མི་༡༦༠ལྷག་ལ་སྨན་བཅོས་དང་རིན་གོང་སྒོར་༨༠༠ལྷག་གི་སྨན་རྫས། ཁྲིམས་ལུགས་ཤེས་བྱ་སོགས་ཀྱི་དེབ་གྲངས་༡༦༠དང་འོད་སྡེར་༡༣༠སོགས་བྱིན་པ་རེད།།