སློབ་ཆུང་སློབ་མའི་ཀུན་སྤྱོད་སྐོར་གྱི་བསམ་ཚུལ་ཕྲན་བུ།

རྩོམ་པ་པོ།    ལྷ་འཚོ་སྐྱིད། དུས་ཚོད།   2017-11-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        སློབ་མའི་ནོར་འཁྲུལ་ངོས་འཛིན་སྐོར།        

        སྤྱི་ཚོགས་དང་དཔལ་འབྱོར་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིག་གནས་བརྗེ་རེས་ཀྱང་ཇེ་མང་དུ་སོང་བ་དང་བསྟུན་ནས། ཡིག་སྒྱུར་ལས་རིགས་ཀྱང་སྔར་ལས་ལྡབ་འགྱུར་གྱིས་འཕེལ་རྒྱས་བྱུང་ཡོད་པར་མ་ཟད། མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་བྱེད་པའི་དེང་གི་དུས་འདིར། ཡིག་སྒྱུར་ལས་རིགས་ཀྱིས་གོ་གནས་གལ་ཆེན་བཟུང་དང་འཛིན་བཞིན་ཡོད་ལ། གསར་འགྱུར་ཡིག་སྒྱུར་གྱི་གལ་ཆེན་རང་བཞིན་དང་དོན་སྙིང་རང་བཞིན་ནི་ཉིན་རེ་བཞིན་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད་པས། བདག་གིས་ལོ་ངོ་མང་བོའི་རིང་གི་གསར་འགྱུར་ཡིག་སྒྱུར་གྱི་ཉམས་མྱོང་དང་འབྲེལ་ནས་གསར་འགྱུར་ཡིག་སྒྱུར་གྱི་གོ་རིམ་སྐོར་ཅུང་ཙམ་གླེང་ན།

        སྤྱིར་བཤད་ན། ཡིག་སྒྱུར་གྱི་གོ་རིམ་དབྱེ་སྟངས་ལ་རྒྱལ་ཁབ་མི་འདྲ་བའི་ཡིག་སྒྱུར་གཞུང་ལུགས་སྨྲ་བ་རྣམས་ཀྱིས་བཞེད་ཚུལ་ཡང་མི་འདྲ། སུའུ་ཉན་སྔོན་མའི་ཡིག་སྒྱུར་གཞུང་ལུགས་སྨྲ་བ་རྣམས་ཀྱིས་གོ་བ་ལེན་པ་དང་མྱོང་ཚོར་རམ་རྟོག་འཆར། བསྐྱར་མཚོན་བཅས་འདི་རྣམ་གསུམ་ལུས་གཅིག་ཏུ་གྲུབ་པ་ལྟར་གླེང་བཞིན་ཡོད། ཨ་རིའི་ཡིག་སྒྱུར་གཞུང་ལུགས་སྨྲ་བ་རྣམས་ཀྱིས་དབྱེ་ཞིབ། གཞན་བསྒྱུར། དག་བཅོས་བཅས་རིམ་པ་གསུམ་དུ་འགྲེལ་བཞིན་ཡོད། རང་རྒྱལ་གྱི་གཞུང་ལུགས་སྨྲ་བ་འགས་གྲ་སྒྲིག  གོ་བ་ལེན་པ། མཚོན་པ། ཞུ་དག དངོས་སུ་གཏན་འཁེལ་བཅས་རིམ་པ་ལྔ་རུ་དབྱེས་ཡོད། ངོ་བོའི་ཐད་ནས་བཤད་ན། གོ་བ་ལེན་པ་དང་མཚོན་པ། དག་བཅོས་བཅས་རིམ་པ་གསུམ་དུ་དབྱེ་ཆོག འདི་གསུམ་པོ་ནི་ཡིག་སྒྱུར་གྱི་གོ་རིམ་དུ་བརྩི་ཆོག གོ་བ་ལེན་པ་ནི་མཚོན་པའི་སྔོན་འགྲོ་ཡིན། གོ་བ་ཡང་དག་པ་ཞིག་མ་ལོན་ན། ཡང་དག་པར་གཏན་ནས་མཚོན་མི་ཐུབ། མཚོན་པ་ནི་གོ་བ་ལེན་པའི་མཇུག་འབྲས་ཡིན། དག་བཅོས་ནི་གོ་བ་ལེན་པ་དང་མཚོན་པ་མུ་མཐུད་དུ་འཐུས་ཚང་དང་སྔར་ལས་ཇེ་ལེགས་ཇེ་བཟང་དུ་བསྒྱུར་བ་ཞིག་ཡིན། གསར་འགྱུར་ཡིག་སྒྱུར་གྱི་གོ་རིམ་ཡང་དེ་གསུམ་ལས་མ་འདས་ཤིང་། ཕན་ཚུན་གྱི་འབྲེལ་བ་གོང་བཞིན་ཡོད་པར་མ་ཟད། དེ་དག་གི་འབྲེལ་བ་ཐག་གཅོད་ལེགས་པོ་ཞིག་མ་ཐུབ་ན་གསར་འགྱུར་གྱི་འགྱུར་ཡིག་བཟང་བོ་ཀློག་པ་པོ་དག་གི་སྤྱན་ལམ་དུ་འབུལ་མ་ཐུབ་ཁོ་ཐག་ཡིན།

        གཅིག གསར་འགྱུར་མ་ཡིག་ལ་གོ་བ་ལེན་པ།

        གསར་འགྱུར་མ་ཡིག་ལ་གོ་བ་ལེན་པ་ནི་གསར་འགྱུར་སྒྱུར་རིམ་ཁྲོད་ཀྱི་ཆེས་གལ་ཆེ་བའི་གོ་རིམ་ཞིག་ཡིན། ང་ཚོས་ནང་དོན་ཅི་ཞིག་བསྒྱུར་བའམ་ཡང་ན་གསར་འགྱུར་རྩོམ་ལུས་གང་རུང་གི་གསར་འགྱུར་ཅིག་བསྒྱུར་ན། ཐོག་མར་མ་ཡིག་ཞིབ་ཅིང་ནན་གྱིས་བཀླགས་ནས་མ་ཡིག་གི་བསམ་བློའི་ནང་དོན་ཁོང་དུ་ཆུད་དགོས་པ་མ་ཟད། མ་ཡིག་གི་ཚིག་གི་བརྗོད་སྟངས་དང་རྩོམ་ཉམས་སོགས་ཡང་དག་པར་ཁོང་དུ་ཆུད་དགོས། མ་ཡིག་གི་ནང་དོན་སྒྱུར་མཁན་གྱིས་ཆ་ཚང་དང་ཡང་དག་པར་གོ་བ་ལོན་པའི་རྨང་གཞིའི་སྟེང་། ད་གཟོད་སྐད་རིགས་གཞན་པ་ཞིག་གིས་མཚོན་ན་ཡང་དག་པ་འཁྱོངས་ཐུབ། དེ་ལས་ལྡོག་སྟེ་མ་ཡིག་གི་ནང་དོན་ལ་གོ་བ་ཞིབ་མོ་མ་བླངས་པར། མ་ཡིག་ཅིག་ལག་ཏུ་འབྱོར་བ་ན་དེ་མ་ཐག་ཡིག་སྒྱུར་གྱི་མགོ་བརྩམས་ནས་བསྒྱུར་ན་མ་ཡིག་གི་བསམ་བློའི་ནང་དོན་དང་འགལ་བའི་ནོར་འཁྲུལ་མང་བོ་ཞིག་འབྱུང་སྲིད།  དེས་ན་གསར་འགྱུར་མ་ཡིག་གི་ནང་དོན་ལ་གོ་བ་ཡང་དག་པ་ལེན་ན་གཤམ་གྱི་ཕྱོགས་འགའ་ལ་མཉམ་འཇོག་བྱེད་དགོས།

        1.མིང་ཚིག་ལ་གོ་བ་ལེན་པ།
     མིང་ཚིག་ནི་སྐད་ཡིག་ཁྲོད་ཀྱི་ཆེས་ཆུང་བའི་གྲུབ་ཆ་ཞིག་ཡིན་ལ། ང་ཚོས་ཡིག་སྒྱུར་བྱེད་པའི་གསར་འགྱུར་ཚང་མ་མིང་ནས་ཚིག་དང་ཚིག་ནས་བརྗོད་པ། བརྗོད་པ་ནས་དུམ་མཚམས་བཅས་རིམ་བཞིན་གྲུབ་པ་ཞིག་ཡིན་པས། གསར་འགྱུར་ཡིག་སྒྱུར་སྐབས་སུ་གསར་བྱུང་གི་མིང་ཚིག་དང་ བརྡ་ཆད་སོགས་མིང་ཚིག་འདྲ་མིན་སྣ་ཚོགས་ལ་འཕྲད་སྲིད། དོན་ཆིག་རྐྱང་སྟོན་པའི་མིང་ཚིག་ཡིན་ན་གོ་བ་ལེན་སླ་མོད། མིང་གཅིག་དོན་མང་གི་མིང་ཚིག་ཡིན་ན་ངེས་པར་དུ་དེའི་ཚིག་གི་གྲུབ་ཆ་ལ་གཞིགས་ནས་གོ་བ་ལེན་དགོས། ལྷག་པར་དུ་ཆེད་ལས་ཀྱི་བརྡ་ཆད་སོགས་ལ་འཕྲད་ན་ངེས་པར་དུ་དེའི་ཕྱོགས་ཀྱི་ཆེད་མཁས་དག་ལ་འབྲེལ་བ་བྱས་ནས་གོ་བ་ལེན་པ་དང་མིང་གི་བྱུང་ཚུལ་སོགས་རྒྱུས་བླངས་ན་དོན་ཡང་དག་པར་བསྒྱུར་བར་ཕན་ཐོགས་ཆེན་པོ་ཡོད།

        2.བརྡ་སྤྲོད་ལ་གོ་བ་ལེན་པ།

        མིང་ཚིག་ལ་གོ་བ་ལོན་རུང་། བརྡ་སྤྲོད་ཀྱི་འབྲེལ་བར་གོ་བ་མ་ལོན་ན། མིང་དང་མིང་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་གསལ་བོར་མི་ཤེས་ལ། མིང་དེས་ཚིག་འདི་དང་བརྗོད་པ་འདི། ཡང་ན་དུམ་མཚམས་འདི། ཡང་ན་རྩོམ་ཡིག་ཡོངས་ཀྱིས་མཚོན་པའི་བསམ་བློའི་ནང་དོན་ལ་ནུས་པ་ཅི་ཞིག་འདོན་བཞིན་པ་གསལ་བོར་མི་ཤེས། དེ་ལྟར་གོ་བ་ཡང་དག་པ་ཞིག་ལོན་མེད་པས། མ་ཡིག་གི་ནང་དོན་ཡང་དག་པར་མཚོན་མི་ཐུབ་ལ། འགྱུར་ཡིག་བཟང་བོ་ཞིག་ཏུ་འགྱུར་མི་སྲིད། མ་ཡིག་གི་བརྡ་སྤྲོད་ཁྱད་ཆོས་དང་འགྱུར་ཡིག་གི་བརྡ་སྤྲོད་ཁྱད་ཆོས་འདི་གཉིས་མཉམ་འཇོག་ཟབ་མོ་དང་། དེ་གཉིས་ཀྱི་བརྡ་སྤྲོད་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་དགོས། 

        3.རིག་ལམ་གྱི་འབྲེལ་བ་ཡང་དག་པར་གོ་བ་ལེན་པ།

        གསར་འགྱུར་འགྱུར་ཡིག་བཟང་བོ་ཞིག་ཡིན་ན། ཀློག་པ་པོ་རྣམས་ཀྱིས་བལྟས་མ་ཐག ཁ་གསལ་ཞིང་གོ་བ་ལེན་བདེ་བ་ཞིག་ཡིན་དགོས། དེས་ན་ཁྱོད་ཀྱིས་གསར་འགྱུར་མ་ཡིག་གི་མིང་ཚིག་གི་དོན་དང་བརྡ་སྤྲོད་འབྲེལ་བ་ཡང་དག་པར་གོ་བ་ལོན་རུང་། ཀློག་བདེ་ལ་ཡང་དག་པར་མཚོན་ཐུབ་པའི་ངེས་པ་མེད། ད་དུང་གསར་འགྱུར་མ་ཡིག་གི་སྔ་གཞུག་གི་རིག་ལམ་འབྲེལ་བ་གསལ་བོར་གོ་བ་ལེན་དགོས། རིག་ལམ་འབྲེལ་བ་འདི་ལ་གོ་བ་ཡང་དག་པ་ལོན་ན། མ་ཡིག་གི་བརྡ་སྤྲོད་འབྲེལ་བའི་ཁྲོད་གོ་བ་ལེན་མི་ཐུབ་པའི་གནད་དོན་གསལ་བོར་རྟོགས་པར་ཕན་པ་ཆེ།

        4.ཆེད་ལས་ཤེས་བྱ་དང་རྒྱབ་ལྗོངས་ཤེས་བྱར་གོ་བ་ཡང་དག་པ་ལེན་པ།

        གསར་འགྱུར་ནི་ལས་རིགས་ཀུན་ལ་འབྲེལ་བ་དམ་པ་ཡོད་དེ། གསར་འགྱུར་ལས་རིགས་སོ་སོའི་གསར་བྱུང་གི་ཐོན་རྫས། གྲུབ་འབྲས། གནས་ཚུལ་གསར་བ་སོགས་མི་ཀུན་གྱིས་ཤེས་ན་འདོད་ཅིང་ཉན་ན་སྤྲོ་བའི་དོན་དག་གསར་བ་དང་། གནས་ཚུལ་གསར་བ་སྒྲོག་བཞིན་ཡོད་པས། གསར་འགྱུར་མ་ཡིག་དེར་འབྲེལ་བའི་ཚན་རྩལ་དང་དཔལ་འབྱོར། ཞིང་ལས་སོགས་ཀྱི་ཆེད་ལས་ཤེས་བྱ་དང་རྒྱབ་ལྗོངས་ཤེས་བྱ་སོགས་མཐིལ་རྟོགས་བྱས་ན། གསར་འགྱུར་མ་ཡིག་དེ་ཆ་ཚང་ཞིང་ཡང་དག་པར་ཀློག་པ་པོ་རྣམས་ལ་དྲིལ་སྒྲོག་བྱེད་ཐུབ།

        གཉིས། གསར་འགྱུར་མ་ཡིག་གི་ནང་དོན་མཚོན་པ།

        སྤྱིར་བཏང་གི་གནས་ཚུལ་འོག གོ་བ་ཡང་དག་པ་ལོན་ན། མཚོན་པའང་ཕལ་ཆེར་ཡང་དག་པ་ཞིག་ཡིན། ཡིན་ནའང་དེ་ནི་གོ་བ་ལེན་པ་དང་མཚོན་པའི་གཉིས་ཀྱི་གོ་རིམ་དུ་གཅིག་གྱུར་གྱི་རྩ་དོན་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་བཤད་པ་ཡིན། གལ་ཏེ་ང་ཚོས་གཅིག་གྱུར་གྱི་རྩ་དོན་འདི་རྒྱུན་འཁྱོངས་བྱེད་མ་ཐུབ་ན། གོ་བ་ཡང་དག་པ་བླངས་རུང་། མཚོན་པའང་ཡང་དག་པ་ཡིན་པའི་ངེས་པ་མེད། གོ་བ་ལེན་པ་ནི་ངོས་འཛིན་གྱི་གོ་རིམ་ཞིག་ཡིན་ལ། མཚོན་པ་ནི་ལག་ལེན་གྱི་གོ་རིམ་ཞིག་ཡིན། འདི་གཉིས་ཀྱི་རྩ་དོན་ནི་ངེས་པར་དུ་གཅིག་འདྲ་ཡིན་དགོས། ནང་དོན་གྱི་ཆ་དང་མཚོན་པའི་ཆ། ཉམས་ཀྱི་ཆ་བཅས་ཀྱི་བླང་བྱ་ནན་མོ་འདོན་པ་དེ་ཡིན་ལ།  གོང་དུ་བཤད་པ་ནི་གོ་བ་ལེན་པ། འདིར་གོ་བ་བླངས་པའི་དོན་དེ་ཡང་དག་པར་བསྐྱར་དུ་མཚོན་པ་ཞིག་ཡིན། མིང་ཚིག་གི་དོན་དང་བརྡ་སྤྲོད། རིག་ལམ་གྱི་འབྲེལ་བ། ཚིག་རྒྱན་གྱི་ཁྱད་ཆོས་བཅས་སྐད་རིགས་གཞན་པ་དེའི་མིང་དང་བརྡ་སྤྲོད། ཚིག་རྒྱན་བཅས་ཀྱིས་ཡང་དག་པར་མཚོན་དགོས། ངེས་པར་དུ་མ་ཡིག་གི་མིང་ཚིག་གི་དོན་དང་བརྡ་སྤྲོད་ཀྱི་འབྲེལ་བ། རིག་ལམ་གྱི་འབྲེལ་བ། སྙན་ཞིང་འཇེབས་པའི་ཚིག་རྒྱན་གྱི་ཁྱད་ཆོས་བཅས་སྲུང་འཛིན་བྱེད་དགོས།

        གསུམ། གསར་འགྱུར་འགྱུར་ཡིག་ལ་དག་བཅོས་བྱེད་པ།

        འགྱུར་ཡིག་དག་བཅོས་ནི་མ་ཡིག་དང་བསྡུར་ནས་འགྱུར་ཡིག་ལ་དག་བཅོས་བྱེད་པའི་གོ་རིམ་ཡོངས་ལ་ཟེར། གོ་བ་ལེན་པ་དང་ སློབ་མའི་ནོར་འཁྲུལ་ངོས་འཛིན་སྐོར།

        རང་ཉིད་རང་ལ་ལྐོག་ཏུ་མ་གྱུར་བ་བཞིན། མི་སུ་ཞིག་ཡིན་རུང་སོ་སོའི་གྲགས་པ་གཅེས་སྤྲས་བྱ་འདོད་ཀྱི་འདུན་པ་ཀུན་དང་མཚུངས་ནའང་། རང་རང་གི་དགེ་སྐྱོན་འདོར་ལེན་བྱེད་པར་མཁས་བླུན་གྱི་ཁྱད་པར་ཧ་ཅང་ཆེ། དེའི་ཕྱིར་སློབ་དགེ་རེ་འགས་སློབ་མའི་མཐོང་ཆོས་མངོན་གྱུར་གྱི་ནོར་འཁྲུལ་ཕྲན་བུ་རེ་ཡང་ཆུ་འཁྱགས་བྲང་ཁར་རྒྱག་པ་ལྟ་བུའི་ནོར་འཁྲུལ་ཐེར་འདོན་བྱེད་དུས། སློབ་མ་ལ་ལས་རང་རྒྱུད་ཀྱི་ནོར་འཁྲུལ་རྩ་མེད་བྱ་ཐུབ་པའི་ངེས་པ་མེད། དེ་ལས་ལྡོག་སྟེ་སློབ་མའི་མ་འོངས་པའི་ཕུགས་འདུན་ལ་གནོད་པའི་དོན་རྐྱེན་སྣ་ཚོགས་འབྱུང་བཞིན་ཡོད་། ཁྱིམ་གྱི་ཕ་མའམ་སློབ་གྲྭའི་དགེ་རྒན། ཡང་ན་སྤུན་མཆེད་མིང་སྲིང་སུ་ཞིག་ཡིན་རུང་། དུས་རབས་གསར་བ།  མི་རབས་གསར་བ། འཚོ་བ་གསར་བ་བཅས་ཀྱི་དགེ་མཚན་བཀུར་ཞིང་དགེ་མཚན་ལག་བསྟར་མཁས་པར་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེ་མིན་སྲོལ་རྒྱུུན་གྱི་སློབ་གསོའི་ཐབས་ལམ་བཙན་པོའམ་ལྟ་བ་ངར་ལྕགས་བཞིན་མཁྲེགས་པོ་དེས། “གཅིག་ཤེས་ཀུན་གྲོལ”དང“དབྱུག་པ་ལེབ་རྡུང”གི་སློབ་གསོའི་ལྷས་ར་གཅིག་ཏུ་འདེད་པ་བྱ་རྒྱུ་དེ་བས་ཀྱང་དཀའ་ལས་ཁག་པོར་སྣང་། དེས་ན་སློབ་མའི་དགེ་སྐྱོན་ཇི་ལྟར་ངོས་འཛིན་བྱ་དགོས་ཞེ་ན། དང་ཐོག་སློབ་མའི་སེམས་ཁམས་རྒྱུས་ལོན་བྱས་རྗེས“ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཤ་ཚ་བའི་གཏམ་ལ་སྙན་མོ་མེད”ཅེས་པའི་དཔེ་ལྟར། སློབ་མའི་ཁྲོད་ཀྱི་མཁྲིས་པའི་ན་ཚས་ཡུན་རིང་གཅུན་པའི་སློབ་མ་དེ་ཚོ་དང་། དེའི་ནད་རིམས་སློབ་མ་དམངས་ཚོགས་ཁྲོད་དུ་ཐེར་འདོན་བྱེད་པར་དགེ་མཚན་ལྡན་ནམ་མི་ལྡན། སློབ་མ་དེའི་ཁམས་དང་མོས་པར་འཚམས་མིན་བརྟེན་ད་གཟོད་ཐག་གཅོད་བྱ་དགོས་པ་ཤིན་ཏུ་གལ་ཆེ་སྙམ། གལ་ཏེ་རང་ཉིད་ལ་གསོ་ཡང་མི་རུང་བའི་ན་ཚ་དེ་ཀུན་ལ་གསང་བའི་སློབ་མ་དེའི་སེམས་ཀྱི་གསང་བ་ཕྱིར་འཆོར་སྟབས། ཁྱེད་ཀྱི་ལྷག་བསམ་རྣམ་དག་གིས་བཏོན་པའི་རེ་འདུན་མི་འགྲུབ་པར་མ་ཟད། དུས་གཏན་དུ་ཁྱེད་ལ་ཞེ་འགྲས་པའི་སློབ་མ་ཞིག་ཏུ་འགྱུར་ངེས་རེད། དེ་བཞིན་སློབ་མ་རེ་ཟུང་གི་ནོར་འཁྲུལ་ཚོགས་དབུས་སུ་ཐེར་འདོན་བྱེད་པའམ། ཡང་ན་ལ་ལ་ཟུར་འབོད་ཀྱིས་སྐྱོན་ངོས་ལེན་བྱ་རུ་བཅུག་པ། རེ་འགར་“རྒྱལ་བོའི་བཀའ་ལས་དབྱུག་པ་བཙན”ཞེས་པའི་དཔེ་ལྟར། སློབ་གསོའི་ངོ་བོའི་ཐོག་ནས་རྡུང་རྡེག་ཀྱང་བྱ་དགོས་པ་མང་། གང་ལྟར་སློབ་མའི་མཚན་སྙན་ལ་མི་གནོད་པའམ་སློབ་མའི་ཀུན་སྤྱོད་མཐོང་བ་ཀུན་སྨོན་ལྟ་བུར་འོང་ཕྱིར། ཐབས་ལམ་སྣ་ཚོགས་བརྒྱུད་འབད་བརྩོན་བྱ་དགོས་པར་མ་ཟད། སློམ་མས་སློབ་མ་སོ་སོའི་རང་སྐྱོན་ངོས་འཛིན་བྱ་ཤེས་པའི་ཕྱོགས་སུ་བསམ་བློ་སྐྱེད་བསྲིང་བྱ་རྒྱུ་གལ་ཤིན་ཏུ་ཆེ།

        སློབ་མའི་ནོར་འཁྲུལ་འབྱུང་རྐྱེན་སྐོར།

        ལས་གནས་ཆེ་ཆུང་གང་ཞིག་ཡིན་ནའང་། ཡོད་ཚད་རྣམ་དག་དང་ཡོད་ཚད་བདེན་པར་སྣང་བ་ཤིན་ཏུ་དཀོན། དེ་བཞིན་ནོར་འཁྲུལ་དང་བྱས་འཛོལ་འབྱུང་བའང་འཇིག་རྟེན་གྱི་ཆོས་ཉིད་ལྟར་སྣང་ནའང་། ནོར་འཁྲུལ་གྱི་མཐོ་རླབས་འབྱུང་ས་དེ་ཡང་སོ་སོར་ངོས་འཛིན་ཐོབ་རྗེས། ད་གཟོད་ནོར་འཁྲུལ་དེའི་གཡང་ས་ལས་ཐར་གང་ཐུབ་དང་། སླར་ཡང་བགྲོད་ལམ་དེར་མི་ལྟུང་བའི་དྲན་ཤེས་བསྟེན་དགོས། འོ་ན་ནོར་འཁྲུལ་ཇི་ལྟ་བུའི་འོག་ཏུ་བྱུང་ཡོད་དམ་ཞེ་ན། སྨྲ་ཤེས་ཤིང་དོན་གོ་བ་མིའི་ཁྱིམ་སྡེར་གཏོགས་ཡོད་ཕྱིན། རང་ཉིད་བདེ་ཐབས་དང་རང་ཉིད་སྐྱིད་ཐབས་བརྩོན་པ་ཀུན་གྱི་ཆོས་ཉིད་དུ་སྣང་། འོན་ཀྱང་རང་ཉིད་བདེ་ཐབས་བསྒྲུབ་འདོད་ཀྱི་བསམ་བློའི་ཁྲོད་དུ། ད་གཟོད་ནོར་འཁྲུལ་བྱུང་དང་འབྱུང་བཞིན་གདའ། དཔེར་ན་བཟོ་བའི་ལས་ཞུགས་མི་སྣ་ཡིན་ནའང་འདྲ། ཚོགས་པ་ཆེ་གེ་མོའི་ཚོགས་མི་ཡིན་ནའང་འདྲ། སློབ་གྲྭའི་སློབ་མ་ཞིག་ཡིན་ནའང་ཆོག  གང་ལྟར་ཡང་སྒྲིག་འཛུགས་དེའི་དམིགས་ཡུལ། ལས་འགན། བསྒྲུབ་རིམ། བཅའ་ཁྲིམས་བཅས་ལ་བསམ་བློ་རྣམ་དག་དང་ལྷག་བསམ་ཆེར་བསྐྱེད་ཀྱིས་གུས་བཀུར་དང་བརྩི་བསྲུང་བྱ་དགོས། སྒྲིག་འཛུགས་དེ་ལག་ཏུ་ལེན་པའམ་བཀོལ་སྤྱོད་བསྟེན་ཤེས་མིན། མི་སྣ་བཀོལ་འདོན་དེ་ཡང་དང་དུ་ལེན་ཐུབ་མིན་ཁོ་ནར་རག་ལས་པར་མ་ཟད། སྤྱི་ཚོགས་ཀྱི་འཚོ་བ་དང་དོན་དངོས་བརྒྱུད་ནས་བཀོལ་སྤྱོད་བྱེད་པའང་ཁོར་ཡུག་དེ་དང་མཐུན་མིན་ཤིན་ཏུ་གལ་ཆེ་སྙམ། དེས་ན་དེང་སང་འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་འཆམ་མཐུན་འབྱུང་བཞིན་པའི་སྐབས་འདིར། “རང་སྐད་ཁོ་ན་དང་རང་ཡིག་འབའ་ཞིག”སྦྱང་བས་ཆོག་སྙམ་པའི་བསམ་བློ་འཛིན་མཁན་དེར་མཚོན་ན་ཕལ་ཆེར་ནོར་འཁྲུལ་མི་ཉུང་བ་རེ་ཁུར་དགོས་ངེས་རེད། རྒྱུ་མཚན་དེ་དང་དེ་ལྟ་བུས་མི་རིགས་སོ་སོའི་རིག་གནས་དང་གོམས་གཤིས་རྒྱུས་ལོན་བྱ་རྒྱུ་ཕར་བཞག ཐ་ན་ཟ་ཁ་ཆང་ཁ་ནའང་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཡང་འབྱུང་སྲིད། དེའི་ཕྱིར་རང་ཉིད་གང་དུ་གནས་པའི་ཁོར་ཡུག་དང་རང་ཉིད་གང་ལ་གཏོགས་པའི་ས་གནས་དེར“ལྟོས་ས་ལྟོས་འཇོག”གི་ཐབས་ལམ་ཁུར་མཁྱེན་པ་གལ་འགངས་ཤིན་ཏུ་ཆེ། འོན་ཀྱང་སློབ་མ་རེ་ཟུང་ངམ་སྐྱེས་བུ་ཕུང་སུམ་པ་རེ་ཞིག་གིས་མཐར་བའི་ལམ་སྣ་འདི་འཛིན་པར་དམ་ལྷོད་བྱུང་བ་མང་དྲག་པའི་རྐྱེན་གྱིས་གནད་དོན་ཆེ་ཕྲ་སྣ་ཚོགས་འབྱུང་བཞིན་མཆིས།

        སློབ་མའི་ནོར་འཁྲུལ་ཇི་ལྟར་བསལ་ཚུལ་སྐོར།

        འཛམ་གླིང་འདིར། “མི་རིགས་མི་གཅིག་མོག་མོག་རྟ་སྤུ་འདྲ་།། བསམ་པ་མི་གཅིག་བལ་བོའི་རས་ཁྲ་འདྲ”ཞེས་པར་ལྟར།  སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཏུ་གྲུབ་པ་འདྲ་ནའང་། བསམ་པའི་ཁྱེར་ཕྱོགས་དང་སེམས་ཀྱི་དྲན་ཚུལ་སོགས་དུས་གཏན་དུ་གཅིག་མཚུངས་སུ་འགྱུར་མི་སྲིད། ཞང་སྟོན་བསྟན་པ་རྒྱ་མཚོས“དེའི་ཕྱིར་ལུས་ངག་བྱ་བྱེད་ཀུན་གྱི་སྟེང་།། མཚང་ངན་ཕྱི་ལ་མི་མཆོར་མཁས་པ་ཡིན།། རང་མཚང་རང་གིས་བྲུས་ན་འཕྲོད་པ་ཡིན།། རང་དཔེ་གཞན་ལ་སྦྱར་ན་ཤིན་ཏུ་འཕྲོད།།”ཅེས་གསུངས་པ་བཞིན། རང་རེའི་ཤེས་ཡོན་སྡེ་ཁག་འདིར། ཡོད་དོ་ཅོག་རླབས་ཆེ་བའི་མི་རིགས་ཀྱི་མ་འོངས་པའི་སོན་རྩ་ཤ་སྟག་ཏུ་སྣང་ནའང་། རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་བྱེད་པའི་གོམས་སྲོལ་ཞན་ལ། རང་ཉིད་ཀྱི་བྱས་འཛོལ་དང་ལེན་བྱ་ཕོད་པའི་ལྟོས་བཅས་ཀྱི་སྙིང་སྟོབས་ལྡན་མཁན་དེ་བས་ཀྱང་དཀོན། དེའི་ཕྱིར“ཤེས་བཞིན་དྲང་བོར་མི་བཤད་བསམ་ངན་ཡིན།། འོན་ཀྱང་སྐྱོན་མཚང་བཤད་ན་ཤེས་མཁན་དཀོན།།”ཞེས་པར་ལྟར། རང་ཉིད་ཀྱི་ནོར་འཁྲུལ་ནོར་འཁྲུལ་དུ་བརྩི་བར་མི་སྤྲོ་ཞིང་། རང་ཉིད་ཀྱི་ནོར་འཁྲུལ་ཐ་ན་རང་ཉིད་ཀྱི་གཟི་བརྗིད་དུ་འཁུམས་པའང་མཆིས་སྟབས། “གང་དྲན་ལག་ཏུ་ལེན་པ་བྱ་མང་སྟེ།། ཕུང་འགྱོད་སྣ་དགུ་འདྲེན་པའི་ཕོ་ཉ་ཡིན།།”གསུངས་པ་བཞིན་སློབ་མ་མང་ཚོགས་ཀྱི་ཁྲོད་ནས་དེའི་ནོར་འཁྲུལ་ཐེར་འདོན་བྱས་ཚེ། དགེ་རྒན་གྱི་དམིགས་ཡུལ་དང་སློབ་མའི་མདུན་ལམ་ལ་ཕན་པ་ཕར་ཞོག ཐ་ན་རང་གཞན་གྱི་རེ་བ་སྟོང་ཟད་དུ་བཏང་བའི་ཉེན་ཁའང་མཆིས། དེའི་ཕྱིར་ནོར་འཁྲུལ་དང་བྱས་འཛོལ་འབྱུང་མཁན་གྱི་སློབ་མ་དེས། རང་ཉིད་ཀྱི་འཚོ་བ་དངོས་ཀྱི་ཁྲོད་དུ་ནམ་ཡང་ནོར་འཁྲུལ་འབྱུང་བཞིན་པའི་སློབ་གྲོགས་ཆེ་གེ་མོ་ཞིག་གི་ལུས་ཐོག་ནས། ནོར་འཁྲུལ་བྱུང་བའི་བརྒྱུད་རིམ་རོ་མྱོང་བསྟེན་དུ་བཅུག་དགོས།  དཔེར་ན་ནམ་ཡིན་ནའང་ནོར་འཁྲུལ་བྱུང་མཁན་གྱི་སློབ་མ་དེས། རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་ཡག་པོ་བྱ་མི་ཐུབ་པར་མ་ཟད། ད་དུང་ནོར་འཛོལ་དེ་ཡང་རང་ཉིད་ཀྱི་ཁྱད་ཆོས་སམ་རང་ཉིད་ཀྱི་རྒྱན་ཆ་ལྟ་བུར་སེམས་སྲིད་པ་ཡིན། གོང་གི་ཐབས་ལམ་དེས་ནམ་ཞིག་གི་ཚེ་ནོར་འཁྲུལ་བྱུང་མཁན་གྱི་མི་བུ་སུ་ཞིག་ཡིན་ནའང་།  དེས་རང་སྐྱོན་རང་གིས་ཐེར་འདོན་བྱས་ཤིང་། རང་སྐྱོན་རང་གིས་དག་སེལ་བྱ་ཐུབ་པའི་ཐབས་ལམ་ཁྱབ་གདལ་དུ་གཏོང་རྒྱུ་གལ་འགངས་ལྷག་པར་ཆེ་བར་སེམས།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།