ཧུང་ཡོན་རྫོང་གི་ལྗོངས་སྐོར་རིག་གནས་ཐོན་ལས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ།

རྩོམ་པ་པོ།   དུས་ཚོད།   2017-11-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       ཉེ་བའི་ལོར།  ཧུང་ཡོན་རྫོང་གིས་ཁེ་ལས་དང་མི་སྒེར་གྱི་ལྗོངས་སྐོར་ཐོན་ལས་འཕེལ་རྒྱས་ལ་ནུས་ཡོད་ཀྱིས་རྒྱབ་སྐྱོར་བྱས་ནས།  ཧུར་ཐག་གིས་ལྗོངས་སྐོར་རིག་གནས་ཐོན་ལས་ཀྱི་ཡིད་རྟོན་མ་ལག་བསྐྲུན་ནས་གྲུབ་འབྲས་མངོན་གསལ་ཐོབ།
  མིག་སྔའི་བར་དུ།  ཁེ་ལས་ཆུང་གྲས་ལ་དངུལ་བུན་གཏོང་བའི་ཚད་དང་མཐུན་པའི་ལྗོངས་སྐོར་ཁེ་ལས་ལ་དུས་ཡུན་ཐུང་ངུ་ནང་རྒྱུན་འཁོར་མ་དངུལ་ཁྱོན་དངུལ་བུན་སྒོར་ཁྲི1900བཏང་།  དུས་འབྲིང་གི་རྒྱུན་འཁོར་མ་དངུལ་གྱི་དངུལ་བུན་སྒོར་ཁྲི5500བཏང་བས་ཁེ་ལས5ལ་ཕན་ཐོགས།  སྒེར་གྱི་ཐོན་སྐྱེད་ཚོང་གཉེར་དང་མི་སྒེར་གྱི་གྲོང་སྡེའི་ལས་སྐྲུན་གྱི་དངུལ་བུན་གཏོང་བའི་ཚད་དང་མཐུན་པའི་མགྲོན་ཁང་ཆུང་བ་དང་།  འབྲོག་ཁྱིམ་སྤྲོ་གསེང་ཁང་ཕྱེ་བར་ཁྱོན་དངུལ་བུན་སྒོར་ཁྲི3800བཏང་བས་དུད་ཚང47ལ་ཕན་ཐོགས།  བུད་མེད་ཀྱི་ལས་སྐྲུན་ལ་དངུལ་བུན་ཆུང་བ་དང་།  ལས་ཤོར་མི་སྣར་དངུལ་བུན་བཏང་བ་བརྒྱུད། གྲོང་སྡེའི་བུད་མེད་དང་།  ལས་ཤོར་མི་སྣས་འབྲོག་ཁྱིམ་སྤྲོ་གསེང་ཁང་ཕྱེ་བར་རྒྱབ་སྐྱོར་བྱས་ནས་ལྗོངས་སྐོར་རྣམ་གྲངས་ལ་ཁྱོན་དངུལ་བུན་སྒོར་ཁྲི218བཏང་བས་མི36ལ་ཕན་ཐོགས།
  ལྗོངས་སྐོར་རིག་གནས་ཐོན་ལས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱས་པ་ལས།  ཧུང་ཡོན་རྫོང་གི་ལྗོངས་སྐོར་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་བྱུང་བར་ནུས་ཡོད་ཀྱིས་སྐུལ་འདེད་བཏང་།  མིག་སྔར།  རྫོང་དེས་ལྷག་བསམ་གྱི་ལྗོངས་སྐོར་རིག་གནས་ཚོང་གཉེར་དཔེ་སྟོན་དུད་ཚང་ཞེས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།  སན་དབྱི་པ་རླངས་འཁོར་མགྲོན་ཁང་ཚད་ཡོད་འགན་འཁྲི་ཀུང་སི་དང་།  ཧུང་ཡོན་རྨ་ཆུ་ལྗོངས་སྐོར་ཚད་ཡོད་འགན་འཁྲི་ཀུང་སི།  ཧུང་ཡོན་ཨ་མདོའི་ཤོག་ཁའི་སྟག་མགོའི་མི་རིགས་ཀྱི་ཡུལ་སྲོལ་སྡེ་བ་གསུམ་གྱི་ཁེ་ལས་ལ་ལྷག་བསམ་ལྗོངས་སྐོར་རིག་གནས་ཚོང་གཉེར་དཔེ་སྟོན་དུད་ཚང་གི་མཚན་སྙན་ཐོབ།།   

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།