གཟི་རྩ་སྡེ་དགུ་རྫོང་གིས་ལྗོངས་སྐོར་འགྲིམ་འགྲུལ་གྱི་འགག་རྩའི་གནད་དོན་ཐག་གཅོད་བྱས།

རྩོམ་པ་པོ།   དུས་ཚོད།   2017-11-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      མིག་སྔར། གཟི་རྩ་སྡེ་དགུ་རྫོང་གི་སྲིད་གྲོས་ཀྱིས་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་། རྫོང་སྤྱི་བདེ་ཅུས། རྫོང་འཆར་འགོད་འཛུགས་སྐྲུན་དང་སྡོད་ཁང་འགན་ལེན་ཅུས། རྫོང་ལྗོངས་སྐོར་ཅུས། རྫོང་གཞུང་ལམ་ཅུས། རྫོང་གཞུང་ལམ་སྐྱེལ་འདྲེན་དོ་དམ་ཁང་། གཙང་རྩ་གྲོང་སྡེ་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་འདྲི་རྩད་དང་། དབྱེ་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས། གཅིག་སྡུད་ཀྱིས་གྲོས་མོལ་བྱེད་པ་སོགས་ཀྱི་བྱེད་སྟངས་ཀྱིས་གཙང་རྩ་གྲོང་སྡེའི་ས་ཁོངས་དེའི་ལམ་བརྒྱུད་ཀྱི་འགྲིམ་འགྲུལ་འགག་པའི་གནས་ཚུལ་ལ་རྩད་ཞིབ་བྱས།
  གཟི་རྩའི་སྐོར་ལམ་གྱི་མཁའ་སྐྱོད་དང་ས་སྐྱོད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་དང་ལྗོངས་སྐོར་ཞབས་འདེགས་ཀྱི་རྨང་གཞི་སྒྲིག་ཆས་གོམ་གང་མདུན་སྤོས་ཀྱིས་ལེགས་བཅོས་དང་མཐོར་འདེགས་བཏང་བ་བརྒྱུད། འཛམ་གླིང་རིམ་པའི་ལྗོངས་སྐོར་མཛེས་ཁུལ་གཟི་རྩ་སྡེ་དགུ་ལ་མཚོན་ན་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་བ་བཀུག  སྡོམ་རྩིས་ལྟར་ན། 2012ལོ་ནས་བཟུང་། གཟི་རྩ་སྡེ་དགུའི་མཛེས་ཁུལ་དུ་ལོ་ངོ་གསུམ་རིང་ལྗོངས་རྒྱུ་བ་མི་ཐེངས་ཁྲི450ལས་བརྒལ། ལྗོངས་སྐོར་གཟའ་འཁོར་དུས་སྐབས་སུ། རྒྱུན་དུ་ལམ་བཀག་ཅིང་འགྲིམ་འགྲུལ་སྐྱོད་དཀའ་བའི་རྣམ་པ་བྱུང་།
  རྒྱུས་ལོན་པ་ལྟར་ན། འགྲིམ་འགྲུལ་འགོག་པའི་རྒྱུ་རྐྱེན་གཙོ་བོ་གཤམ་གསལ་ལྟར། གཅིག་ནི་རང་བྱུང་ས་བབ་ཆ་རྐྱེན་གྱི་ཚོད་འཛིན་བྱས་ནས་འགྲིམ་འགྲུལ་གྱི་དྲ་བའི་བཀོད་སྒྲིག་ཚན་རིག་དང་མཐུན་པ་དཀའ་བ། གཉིས་ནི་མ་དངུལ་གཏོང་ཚད་མི་འདང་བ། ས་གནས་ནོར་ཤུགས་ཀྱི་འགྲིམ་འགྲུལ་ད་ཚད་ལས་བརྒལ་བའི་མ་དངུལ་གཏོང་དཀའ་བས། འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྗེས་ལུས་ཡིན་པས། ལྗོངས་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཀྱི་རྗེས་མ་ཟིན་པ། གསུམ་ནི་སྔོན་གྱི་འགྲིམ་འགྲུལ་དྲ་བའི་མ་ལག་འཆར་འགོད་ཐད་ཡུན་རིང་གི་རང་བཞིན་མེད་དེ།  ཐོག་མའི་རེ་བ་བསྐོང་ཡོད་ནའང་ཡུན་རིང་འཕེལ་རྒྱས་ལ་མི་འཚམ་པས། མིག་སྔའི་གཞུང་ལམ་དོག་པ་དང་། ལམ་མདོ་མང་བ། འགྲིམ་འགྲུལ་འགག་པའི་རྣམ་པ་ཆགས།  བཞི་ནི་མི་ཤུགས་ཚད་ཡོད་པས། ལྗོངས་སྐོར་བ་མང་བའི་དུས་སུ། འགྲིམ་འགྲུལ་ཉེན་རྟོག་པའི་མི་ཤུགས་མི་འདང་བ། འབྲེལ་ཡོད་སྡེ་ཁག་གི་མི་སྣ་མཉམ་འགུལ་བྱས་ཏེ། འགྲིམ་འགྲུལ་འགོག་པའི་གནད་དོན་ཐབས་ཆག་གིས་ཐག་གཅོད་བྱས་པ་བཅས་རེད།
  རྫོང་སྲིད་གྲོས་ཀྱིས་ཉེ་ཆར་དང་ཡུན་རིང་གི་འཆར་འགོད་ལག་བསྟར་བྱས་པ་བརྒྱུད།  རྫོང་ཨུ་དང་། རྫོང་སྲིད་གྲོས་ཀྱིས་གཙང་རྩ་གྲོང་སྡེར་རླངས་འཁོར་འཇོག་ས་འཛུགས་སྐྲུན་ཐད་འཆར་འགོད་བྱས་ཏེ། ལྗོངས་རྒྱུ་བར་རླངས་འཁོར་འཇོག་སའི་རེ་བ་བསྐོང་བ། ནུབ་བྱང་མགྲོན་ཁང་ཆེན་མོ་ནས་སྐལ་བཟང་མགྲོན་ཁང་བར་གྱི་གཞུང་ལམ་ཁོད་སྙོམས་དང་རྒྱ་ཆེར་བཏང་། ལྟེ་བའི་ལམ་རྒྱུད་ཀྱི་འགྲིམ་འགྲུལ་མཚོན་རྟགས་དང་།  རྟགས་བྱང་མི་གསལ་བ་དང་། འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད་བྱས་ནས། གཏན་འབེབས་ལྟར་མཛུབ་སྟོན་མཚོན་རྟགས་མངོན་གསལ་བཀལ། ལུང་མདོའི་འགྲིམ་འགྲུལ་ཉེན་རྟོག་པའི་མི་ཤུགས་ལ་ཤུགས་སྣོན་དང་། ཀུན་དགའ་ལ་ནས་ཧྲང་སི་ཀྲའེ་གཞུང་ལམ་བར་འགྲོས་བརྟགས་བཞག་ནས། རླངས་འཁོར་རྒྱུག་ཚད་ལ་ལྟ་ཞིབ་ཚད་ལེན་བྱས།  ལྗོངས་རྒྱུ་བའི་རླངས་འཁོར་ཆ་འཕྲིན་སྤྱི་བསྒྲགས་ཀྱི་སྟེགས་བུ་འཐུས་ཚང་བཏང་།
  གཞུང་ལམ་གསུམ་ཁ་སྣོན་བྱས་པ། གཅིག་ནི་ལུང་བའི་ནང་གི་བགྲོད་ལམ་གཅིག་གསར་དུ་བསྣན་པ། གཉིས་ནི་ལུང་མདོའི་བགྲོད་ལམ་འཛུགས་སྐྲུན་བྱས་པ།  གསུམ་ནི་མཚོ་ལེབ་ནས་ཀླུ་གཉན་གསེར་མཚོའི་བར་གྱི་ཕུག་ལམ་འཛུགས་སྐྲུན་འཆར་འགོད་བྱས་བཅས་རེད། མིག་སྔའི་ཧྲང་སི་ཀྲའེ་ནས་ཀླུ་གཉན་གསེར་མཚོ་བར་གྱི་ཉེན་ལམ་སྤྱི་ལེ45བསྐོར་ནས་འགྲོ་བ། མཛོད་དགེ་དང་གཟི་རྩའི་གཞུང་ལམ་མཐུད་དེ། ལྗོངས་རྒྱུ་བར་བགྲོད་ལམ་གསར་བ་ཞིག་ཡོད་བྱུང་། ལམ་འགྲོའི་རླངས་འཁོར་ཇེ་མགྱོགས་དང་། ལྗོངས་རྒྱུ་བའི་ལྟ་སྐོར་བྱེད་ཚད་ཇེ་དལ་དུ་བཏང་། གཟི་རྩ་སྡེ་དགུ་མཛེས་ཁུལ་དང་ལུང་བ་ཕྱིའི་མཛེས་ཁུལ་རྒྱ་ཇེ་ཆེར་གྱུར་བས། གཟི་རྩ་སྡེ་དགུ་མཛེས་ཁུལ་གྱི་མི་འཁོར་རྒྱུག་དང་།  རླངས་འཁོར་འགྲུལ་བཞུད་ལ་ཁག་བགོས་མངོན་འགྱུར་བྱུང་། གཟི་རྩ་སྡེ་དགུར་ཉིན་གསུམ་རིང་དལ་གྱིས་དལ་གྱིས་ལྟ་སྐོར་དེ་ཉིན་ལྔའི་ལྟ་སྐོར་དང་ཉིན་མང་བོའི་ལྟ་སྐོར་དུ་བསྒྱུར་བ། ཡུལ་སྐོར་སྤྲོ་གསེང་ནི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་མྱོང་ཚོར་དང་གུང་སེང་གཏོང་བའི་ལྗོངས་སྐོར་ཕྱོགས་སུ་མངོན་འགྱུར་བྱས།
  གཟི་རྩ་སྡེ་དགུའི་ལུང་མདོ་ནས་གཙང་རྩ་གྲོང་རྡལ་བར་གྱི་མངའ་ཁོངས་སུ་འཁོར་སྐྱོད་ཅན་དང་། དྲ་བ་ཅན། ལངས་གཟུགས་ཅན་ལ་འབྲེལ་བའི་འགྲིམ་འགྲུལ་འཁོར་སྐྱོད་མ་ལག་འཛུགས་སྐྲུན་དང་འཆར་འགོད་བྱས་ཏེ། གཏོང་ཚད་ཇེ་ཆེ་དང་། དོ་དམ་འཐུས་ཚང་བཏང་བ་བརྒྱུད། གཟི་རྩའི་ལྗོངས་སྐོར་གྱི་འགྲིམ་འགྲུལ་འགག་རྩ་གཞི་ནས་ཐག་གཅོད་བྱས་ཤིང་། མངའ་ཁོངས་ཡོངས་ཀྱི་ལྗོངས་སྐོར་གྱི་མངའ་ཁོངས་ཡོངས་ཀྱི་འཕེལ་རྒྱས་ཕྱོགས་སུ་སྣེ་ཁྲིད་བྱས།།   

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།