གཟི་རྩ་སྡེ་དགུ་རྗོང་གིས་ལྗོངས་རྒྱུ་བ་སྣེ་ལེན་བྱེད་ཚད་ཁྲི300ལས་བརྒལ།

རྩོམ་པ་པོ།   དུས་ཚོད།   2017-11-06   རྩོམ་ཁུངས།   

       གསར་འགོད་པས་ཁུལ་ལྗོངས་སྐོར་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། མིག་སྔའི་བར་དུ། གཟི་རྩ་སྡེ་དགུའི་ལྗོངས་ཁུལ་གྱིས་ཁྱོན་ལྗོངས་རྒྱུ་བ་སྣེ་ལེན་བྱེད་ཚད་མི་ཐེངས་3017056ཡིན་ལ། 2014ལོ་དང་བསྡུར་ན་བརྒྱ་ཆ19.08འཕར་བ་དང་། ལྗོངས་སྐོར་ཡོང་འབབ་སྒོར་དུང་ཕྱུར4.77ཟིན་པས། 2014ལོ་དང་བསྡུར་ན་ཉིན24སྔོན་དུ་མི་ཐེངས་ཁྲི300ཡི་འགག་སྒོ་ཆེན་པོ་ལས་བརྒལ།

    ད་ལོ་ནས་བཟུང་། གཟི་རྩ་སྡེ་དགུའི་ལྗོངས་ཁུལ་གྱིས་སྐྱེ་ཁམས་ལྗོངས་ཁུལ་དཔལ་འབྱོར་དཔེ་སྟོན་ཁུལ་གྱི་སྤྱིའི་དམིགས་འབེན་ལ་གཞིགས་ནས། སྐྱེ་ཁམས་འཕེལ་རྒྱས་དང་། འཆམ་མཐུན་འཕེལ་རྒྱས། གསར་སྐྲུན་འཕེལ་རྒྱས། དཔལ་ཡོན་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ནང་གི་ཕྱོགས་བསྡུས་དོ་དམ་དང་། ཕྱིའི་ཚོང་རའི་བྲིན་ཚོང་དམ་འཛིན་བྱས་ཤིང་ལྗོངས་ཁུལ་མགྱོགས་མྱུར་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་། ཟླ7པའི་ཚེས15ཉིན་ནས་ད་ལྟའི་བར་དུ། གཟི་རྩ་སྡེ་དགུའི་ལྗོངས་ཁུལ་གྱི་ལྗོངས་རྒྱུ་བ་སྣེ་ལེན་བྱེད་ཐེངས་རྒྱུན་མཐུད་དང་། མགྱོགས་མྱུར་ངང་འཕར་བའི་རྣམ་པ་མངོན། ལྗོངས་ཁུལ་གྱིས《ལྗོངས་སྐོར་བཅའ་ཁྲིམས》ལྟར་ལྗོངས་ཁུལ་གྱི་ཉིན་གཅིག་གི་ལྗོངས་རྒྱུ་བ་ཤོང་ཚད་མི་ཐེངས་ཁྲི4.1ཡིན་པ་ནན་ཏན་གྱིས་ལག་ལེན་བྱས། ལྗོངས་སྐོར་རྣམ་པ་གསར་བའི་མདུན་དུ། གཟི་རྩ་སྡེ་དགུ་རྫོང་དང་། གཟི་རྩ་སྡེ་དགུའི་དོ་དམ་ཅུས། གཟི་རྩ་ལྗོངས་སྐོར་ཆེན་མོའི་ཚོགས་པ་ཀུང་སི་རྣམས་ཀྱིས་གཅིག་གྱུར་གྱིས་དོ་དམ་དང་། ཁོངས་སྒྲིལ་དོ་དམ། ཁྱོན་ཡོངས་མཉམ་འགུལ། ནོར་འཁྲུལ་མེད་པའི་རེ་བ་ལྟར། བྱེད་ཐབས་ལེགས་གཏོང་དང་། མཉམ་འགུལ་ཟབ་སྤེལ། ལས་རིམ་ཞིབ་ཚགས། ལག་བསྟར་ནན་པོ་བྱས་ནས་གུང་གསེང་ལྗོངས་སྐོར་དུས་ཀྱི་སྣེ་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ལྗོངས་སྐོར་དུས་ལ་ཁ་གཏད་བྱས། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་མུ་མཐུད་དུ་ངལ་དུབ་ལ་མི་འཛེམས་པ་དང་། བསྟུད་མར་དམག་འཐབ་རྒྱག་པའི་སྤྱོད་ཚུལ་བཟང་བོ་དར་སྤེལ་བཏང་བ་དང་། རྒྱུན་ཚུལ་ལས་འདའ་བའི་དཀའ་བ་སྤྱད་དེ། ལྗོངས་ཁུལ་ནི་བདེ་འཇགས་ཡིན་པ་དང་། གོ་རིམ་ཡོད་པ། སྤུས་ཀ་བཟང་བའི་ཕན་འབྲས་ལྡན་པ། ཤུགས་རྐྱེན་ངན་པའི་ཞུ་གཏུག་མེད་པ་དང་། ཉེས་དོན་དང་བདེ་འཇགས་ཀྱི་གྱོད་གཞི་མེད་པ། བདེ་འཇགས་ཐད་ཀྱི་ལས་འཛོལ་ཚབས་ཆེན་མེད་པའི“གསུམ་མེད་དམིགས་ཡུལ”མངོན་དུ་གྱུར་ནས་གཟི་རྩ་སྡེ་དགུའི་རྣམ་པ་བཟང་བོར་འགན་ལེན་བྱས།།  

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།