མཐོ་སྒང་ལྗོངས་སྐོར་དབྱར་མཚོ་བཞིན་དུ་རྒྱས།

རྩོམ་པ་པོ།   དུས་ཚོད།   2017-11-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      ད་ལོའི་ལོ་སྟོད། འཛམ་ཐང་རྫོང་གིས“ལྗོངས་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་ཤིང་ཐོན་ལས་ཆེན་པོ་བཞི་ནང་གི་གྲས་ཤིག་ཡིན་པའི”དམིགས་ཡུལ་གྱི་རེ་བ་ལྟར།   “རིག་གནས་བླ་སྲོག་དང་། ལྗོངས་སྐོར་དབྱིབས་བྱེད་པའི”འདུ་ཤེས་དང་། “ལྷག་མེད་དྭངས་གཙང་གི་འཛམ་ཐང་དང་། བོད་བརྒྱུད་ཇོ་ནང་གི་ཆོས་གྲྭ་ཆེན་པོའི”རིག་གནས་ལྗོངས་སྐོར་གྱི་སྤུས་རྟགས་ལ་དམིགས་པ། 2015ལོ་ནི་ལྗོངས་སྐོར་འཕེལ་རྒྱས་ལ་རྨང་གཞི་བཏིང་བ་དང་། གྲ་སྒྲིག་བྱེད་པའི་ལོ་བྱས་ནས་2015ལོའི་ལོ་མཇུག་ཏུ། ལྗོངས་སྐོར་གྱི་ལས་སྒོ་ཆགས་པ་དང་། ལྗོངས་སྐོར་གྱི“རྒྱུ་རྐྱེན་དྲུག”མུ་མཐུད་དུ་འཐུས་ཚང་གཏོང་བ། སྣེ་ལེན་བྱེད་ནུས་ཡོད་པ། ལྗོངས་སྐོར་གྱི་རྣམ་གྲངས་ཁག་ཅིག་དང་རྨང་གཞིའི་སྒྲིག་ཆས་ཕལ་ཆེར་བསྐྲུན་ཚར་ནས་བེད་སྤྱོད་བྱེད་ཐུབ་པར་བརྩོན་ལེན་བྱེད་རྒྱུ་རེད།
  སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་སྦྲགས། ལྗོངས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་དུས་སྐབས་ཡག་ཤོས་ལ་འཕྲད། འཛམ་ཐང་རྫོང་ལ་ཁྱད་འཕགས་ཀྱི་རང་བྱུང་ཐོན་ཁུངས་དང་རིག་གནས་ཐོན་ཁུངས་ཡོད། ཇི་ལྟར་བྱས་ན་འཛམ་ཐང་ལྗོངས་སྐོར་གྱི་ད་ལྟ་དང་མ་འོངས་བཟང་བོ་འགོད་ཐུབ་པའི་ཐད་གསར་འགོད་པས་འཛམ་ཐང་རྫོང་གི་ལྗོངས་སྐོར་འཕེལ་རྒྱས་ལྟེ་བའི་ཀྲུའུ་རེན་ལ་བཅར་འདྲི་བྱས། ཁོས་བཤད་པར། ཕྱི་ནང་གི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཅིག་ནི་ཁྲོན་ནུབ་བོད་ཁུལ་གྱི་ཆེས་མཛེས་ཤོས་སྐོར་ལམ་ཞེས་པའི་དྲིལ་སྒྲོག་དེབ་བཟོ་བ་དང་། གསེར་རྟ་རྫོང་ཁོངས་བར་གྱི་མཉམ་ལས་ཤུགས་སྣོན་བྱེད་པ། ཕྱི་ཡུལ་ལ་གསེར་རྟ་དང་འཛམ་ཐང་གི་ལྗོངས་སྐོར་ལམ་ཐིག་ངོ་སྤྲོད་བྱེད་པ། གཉིས་ནི་ཁུལ་ལྗོངས་སྐོར་ཅུས་ཀྱིས་རྩ་འཛུགས་བྱས་པའི་ཁྲུང་ཆེན་ནས་སྤེལ་བའི“ཧུང་ཡོན་མཐའ་འཁོར་གྱི་ལྗོངས་སྐོར་དཔལ་འབྱོར་མུ་ཁྱུད”ཀྱི་ལྗོངས་སྐོར་འོས་སྦྱོར་ཚོགས་འདུ་ཐོག་ཏུ་རང་རྫོང་གི་ལྗོངས་སྐོར་ཐོན་ཁུངས་དང་། ཁྲོན་ནུབ་བོད་ཁུལ་གྱི་ཆེས་མཛེས་ཤོས་ཀྱི་སྐོར་ལམ་ངོ་སྤྲོད་བྱེད་པ། གསུམ་ནི། དུར་ཕྱག་དུས་ཆེན་དང་ལྔ་གཅིག་དུས་ཆེན་སོགས་ཀྱི་གུང་གསེང་དང་། ཁྲུང་ཆེན་ནས་སྤེལ་བའི་“5.19”ལྗོངས་སྐོར་དྲིལ་སྒྲོག་ཉིན་མོ་དང་རྫོང་གིས་སྤེལ་བའི་ཕྱོགས་བསྡུས་ཁྲིམས་འཛིན་དྲིལ་སྒྲོག་སྟེགས་བུ་སོགས་ལ་བརྟེན་ནས་ལྗོངས་སྐོར་དྲིལ་སྒྲོག་དང་ཞབས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་རྒྱུ་བས་རང་རྫོང་གི་ལྗོངས་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་རྒྱུས་ལེན་ཐུབ་ནས་འཛམ་ཐང་མི་དམངས་ཀྱིས་དགའ་སྤྲོ་ཆེན་པོའི་ངང་མགྲོན་པོ་སྣེ་ལེན་བྱེད་པ་མྱོང་ཚོར་འཇུག་པ། སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་དོ་སྣང་ལ་སྐུལ་སློང་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ལྗོངས་སྐོར་འདུ་ཤེས་མཐོར་འདེགས་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་ལྗོངས་སྐོར་ལ་དོ་སྣང་དང་། ལྗོངས་སྐོར་ནང་ཞུགས་པ། ལྗོངས་སྐོར་ལ་རྒྱབ་སྐྱོར། ལྗོངས་སྐོར་སྐུལ་འདེད་སོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། བཞི་ནི་འཕྲིན་ཕྲན་དང་། འཕྲིན་ཐུང་། དྲ་ཚིགས་སོགས་ཀྱི་དྲིལ་སྒྲོག་སྟེགས་བུ་བརྒྱུད་ནས་དྲ་རྒྱའི་དྲིལ་སྒྲོག་གི་སྤུས་ཀ་མུ་མཐུད་དུ་མཐོར་འདེགས་དང་། དྲིལ་སྒྲོག་ཕན་འབྲས་ཆེ་རུ་གཏོང་བ། ལྗོངས་རྒྱུ་བར་ལྗོངས་སྐོར་གྱི་ཁོར་ཡུག་ཇི་ལྟར་སྐྲུན་པའི་ཐད་ལ་ཁོས་ཀྱང་བཤད་པར། ལྗོངས་སྐོར་འཕེལ་རྒྱས་ཅུས་ཀྱིས་བདེ་འཇགས་ལྟ་སྐུལ་ཅུས་དང་། མེ་འགོག་མེ་གསོད་རུ་ཁག བཟོ་ཚོང་སྤུས་ཀ་ལྟ་སྐུལ་ཅུས། འཕྲོད་བསྟེན་ཅུས་སོགས་ཀྱི་སྡེ་ཁག་སྣེ་ཁྲིད་དེ་ལྗོངས་སྐོར་ཚོང་རའི་ཕྱོགས་བསྡུས་ཞིབ་བཤེར་ལས་ཀའི་ཚན་ཆུང་གྲུབ། ལྗོངས་སྐོར་ཚོང་ར་དང་ཆུ་འབྲུབ་པའི་དུས་སུ་བདེ་འཇགས་ཀྱི་ཆེད་ལས་ཞིབ་བཤེར་སྒྲིག་བཅོས་བྱེད་སྒོ་ཐེངས5སྤེལ་བས། རྫོང་མཁར་དང་། མཐའ་འཁོར་གྱི་མགྲོན་ཁང20དང་། ཞིང་ཁྱིམ་སྤྲོ་གསེང་ཁང2། ཟ་ཁང59། སྒོ་བརྩིས་ཚོང་ཁང4། རོལ་རྩེད་ཞབས་འདེགས་ཁང22། རླངས་འཁོར་ཞིག་གསོ་བཟོ་གྲྭ11། ལྗོངས་སྐོར་ཚོང་ཁང27སོགས་ལྗོངས་འབྲེལ་ལས་ཁུངས་ལས་ཡུལ་དངོས་སུ་ཞིབ་བཤེར་དང་། སྒྲིག་བཅོས།  ལྟ་སྐུལ་སོགས་བྱས་ཏེ། དུས་གཡོལ་བཟའ་ཆས་དང་། གསུམ་མེད་ཐོན་རྫས་། རྫུན་ཞན་ཐོན་རྫས་སོགས་ཀྱི་དོན་རྐྱེན་བདུན་རྩད་བཅད་དེ་གཅིག་གྱུར་མེད་པར་བཟོས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་ལས་ཁུངས12ལ་ལེགས་བཅོས་བྱེད་དགོས་པའི་བརྡ་ཐོ་བཏང་། ལྗོངས་འབྲེལ་ལས་ཁུངས་ལ་ཞབས་འདེགས་རྣམ་འགྱུར་སྔར་ལས་བཟང་བོ་དང་། ཞབས་འདེགས་ཆུ་ཚད་སྔར་ལས་མཐོ་བ་ལས་འཛམ་ཐང་ལ་ཡོང་ནས་ལྗོངས་སྐོར་བྱེད་པའི་ལྗོངས་རྒྱུ་བར་གཙང་དག་དང་། བདེ་འཇགས། འཆམ་མཐུན་གྱི་ལྗོངས་སྐོར་ཁོར་ཡུག་བསྐྲུན་དགོས།། 


རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།