ཧུང་ཡོན་རྫོང་ནི་སི་ཁྲོན་རྒྱལ་སྤྱིའི་ལྗོངས་སྐོར་ཉོ་ཚོང་དངོས་མང་སྟོན་ཚོགས་ནང་ཞུགས།

རྩོམ་པ་པོ།   དུས་ཚོད།   2017-11-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ

        ཉེ་ཆར། སྐབས་གཉིས་པའི་སི་ཁྲོན་རྒྱལ་སྤྱིའི་ལྗོངས་སྐོར་ཉོ་ཚོང་དངོས་མང་སྟོན་ཚོགས་ནི་ལེ་ཧྲན་དང་གླང་ཆེན་འགྱིང་རི་ནས་སྤེལ། ཧུང་ཡོན་གྱི་ལྗོངས་སྐོར་ཕྱི་ཕྱོགས་སྒོ་འབྱེད་དང་མཉམ་ལས་བྱེད་པ་གོམ་གང་མདུན་སྤོས་ཀྱིས་ཤུགས་སྣོན་བྱ་ཆེད། སི་ཁྲོན་རྒྱལ་སྤྱིའི་ལྗོངས་སྐོར་དངོས་མང་སྟོན་ཚོགས་ལ་བརྟེན་ནས་མཐའ་ཡས་པའི་ཧུང་ཡོན་ཐང་ཆེན་དང་།  འབྲི་གཡག་གི་ཕ་ཡུལ་ཞེས་པའི་སྤྱིའི་ལྗོངས་སྐོར་རྣམ་པ་བསྟན་ནས་ཧུང་ཡོན་གྱི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་། ལྗོངས་སྐོར་གྱི་ཁྱད་ལྡན་ཐོན་རྫས་སྔར་ལས་དྲིལ་སྒྲོག་བཟང་བོ་བྱས། རྫོང་དེའི་ལྗོངས་སྐོར་འཕེལ་རྒྱས་ཅུས་ཀྱིས་ཚོགས་ཁག་རྩ་འཛུགས་བྱས་ནས་དངོས་མང་སྟོན་ཚོགས་ལ་ཧུར་བརྩོན་གྱིས་ཞུགས། སྐབས་དེར། ལྗོངས་སྐོར་གྱི་པར་དེབ་དང་། རླངས་འཁོར་རང་སྐོར་གྱི་ལམ་ཐིག་དང་ཚོང་འགུག་གི་ལག་དེབ་སོགས་དྲིལ་སྒྲོག་དཔྱད་ཡིག་2000ལྷག་བཀྲམ་ནས་ཧུང་ཡོན་གྱི་ལྗོངས་སྐོར་རྣམ་པ་གང་ལེགས་ཀྱིས་མངོན་ནས་ལྗོངས་རྒྱུ་བ་དང་མགྲོན་པོ་རྣམས་ཀྱིས་དོ་སྣང་བྱས་ཏེ། འགྲེམ་སྟོན་ནང་ཞུགས་པའི་ཚོང་བ་དང་ལྗོངས་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ནས་ལྗོངས་སྐོར་འཕེལ་རྒྱས་མཉམ་པོར་བྱེད་རྒྱུའི་འབྲེལ་ཡོད་དོན་དག་རྒྱུས་ལོན་ངོ་སྤྲོད་གནང་ནས་གྲུབ་འབྲས་བཟང་བོ་ཐོབ།།  

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས