རྔ་བ་ཁུལ་བོད་སྨན་ཁང་མཚམས་སྦྱོར་མདོར་བསྡུས།

རྩོམ་པ་པོ།   དུས་ཚོད།   2017-06-29   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       རྔ་བ་ཁུལ་བོད་སྨན་ཁང་ནི་སྤྱི་ལོ་༡༩༩༡ལོར་དབུ་བཪྙེས་ཞིང་། སྨན་བཅོས་དང་། ཚན་རིག་ཞིབ་འཇུག སློབ་གསོའི་བྱ་གཞག སྨན་སྦྱོར་བཟོ་སྐྲུན་བཅས་མཉམ་སྒྲུབ་བྱེད་པའི་ཁུལ་རིམ་པའི་བོད་ལུགས་སྨན་རྩིས་ཁང་དང་བོད་སྨན་ཞིབ་འཇུག་སུའོ་ཞིག་ཡིན།  དེང་འདིར་བོད་སྨན་འབུམ་རམས་པ་༣དང་། འབུམ་རམས་གཞོན་པ་༧། རབ་འབྱམས་༡༡། བོད་སྨན་རབ་འབྱམས་ཞིབ་འཇུག་པ་༢དང་དངོས་གཞི་༡༤བཅས་ཡོད།

    སྨན་ཁང་དུ་སྒོ་བསྟེན་པུའུ་དང་ནད་སྡོད་པུའུ། བོད་སྨན་བཟོ་སྐྲུན་ལྟེ་གནས། ཞིབ་འཇུག་ཁང་སོགས་ལས་གཉེར་ཚན་ཁག་དང་། འོད་བརྟག་ཚན་ཁག རྫས་དཔྱོད་ཚན་ཁག Bསྒྲས་བརྟག་ཁང་། སྙིང་པར་གློག་རིས་ཁང་སོགས་སྨན་བཅོས་ལག་རྩལ་ཚན་ཁག་དུ་མ་དང་། བོད་སྨན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཕོ་ནད་དང་། སྨན་ལུམས། མཆིན་མཁྲིས། དཔྱད་བཅོས་སོགས་ཆེད་བཀོལ་ཚན་ཁག་༡༠ཡོད།

  སྔ་གཞུག་ཏུ་རྒྱལ་ཁབ་ཚན་རྩལ་པུའུ་དང་ཀྲུང་ལུགས་དོ་དམ་ཅུས། ཞིང་ཆེན་ཀྲུང་ལུགས་དོ་དམ་ཅུས། ཁུལ་ཚན་རྩལ་ཅུས་སོགས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པའི་ཚན་ཞིབ་རྣམ་གྲངས་༡༧འགན་བཞེས་བྱས་དང་བྱེད་མུས་ཡོད། ཡོན་སུའོ་ཡི་ཚན་རྩལ་མི་སྣས་དཔེ་ཆ་༨དང་དཔེ་བསྐྲུན་འགྲེམས་སྤེལ་བྱས། རྒྱལ་ཡོངས་བོད་སྨན་དངོས་ཚན་སློབ་དེབ་༣རྩོམ་སྒྲིག་ལ་ཞུགས། ༡༩༩༧ལོ་ནས་《རྔ་ཁུལ་བོད་ཀྱི་གསོ་རིག་》དུས་དེབ་འགྲེམས་སྤེལ་བྱས། 

    རྒྱལ་ཁབ་ཀྱི་GPPལྟར་འཛུགས་སྐྲུན་བྱས་པའི་བོད་སྨན་བཟོ་སྐྲུན་ལྟེ་གནས་ནི། རྒྱལ་ཡོངས་བོད་ལུགས་སྨན་ཁང་གི་བོད་སྨན་བཟོ་སྐྲུན་ལྟེ་གནས་ཨང་དང་བོ་ཡིན། ད་ལྟ་ཐང་ཕྱེ་རིལ་བུ་སྤྱིན་ཐུམ་སོགས་སྡེ་ཚན་དུ་མར་སྦྱོར་བ་འདྲ་མིན་༢༠༠ལྷག་ཐོན་སྐྱེད་བྱེད་ནུས། སྦྱོར་བ་༡༨༦ལ་སི་ཁྲོན་ཞིང་ཆེན་བཟའ་ཆས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་བཟོ་སྐྲུན་ཆོག་ཨང་ཐོབ།

  སྨན་ཁང་ནི། ཁུལ་ཡོངས་ཀྱི་བོད་ཀྱི་གསོ་རིག་ལས་དོན་ལག་རྩལ་མཛུབ་སྟོན་ལྟེ་གནས་དང་བོད་སྨན་ཚན་ཞིབ་རྟེན་གཞིར་གྱུར། རྔ་བ་ཁུལ་གྱི་བོད་སྨན་དང་། ཀྲུང་སྨན། ཀྲུང་ནུབ་ཟུང་འབྲེལ་བཅས་ཀྱི་ནད་ཐོག་ནུས་རྩལ་རྒྱུགས་གཤེར་རྟེན་གཞི། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་མ་ལག་གི་སྔོན་ཐོན་ལས་ཁུངས། ཁུལ་རིམ་པའི་ཆེས་བཟང་ཚུལ་ལྡན་ལས་ཁུངས། ཞིང་ཆེན་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་རྟེན་གཞིའི་ནད་ཐོག་དངོས་སྦྱོང་སྨན་ཁང་། རྒྱལ་ཁབ་ཀྱི་རིམ་གཉིས་ཀ་བའི་བོད་ལུགས་སྨན་ཁང་། སི་ཁྲོན་ཞིང་ཆེན་གྱི་སྤུས་དག་བོད་སྨན་ཁང་བཅས་ཡིན་ནོ།།