རྩོམ་སྒྲིག་པའི་གཏམ། ཀྲུང་གུང་རྔ་བ་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ལས་བསྟན་དོན། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་ཞེས་པའི་འཐབ་ཇུས་དམིགས་འབེན་གཞིར་བཟུང་སྟེ། སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ནུས་ལྡན་སྒོས་ཡོལ་གཅིག་རྒྱུད་བཞི་དང་ཁོངས་ཡོངས་སྐྱེ་ཁམས། ཁུལ་གསུམ་མཉམ་བསྐྲུན། རིགས་ལྔ་མཉམ་འཕགས་ཀྱི་འཕེལ་ལམ་གསར་བ་གཏོད་དགོས། འགོ་ཚུགས་ས་མཐོན་པོ་དང་ཚད་གཞི་མཐོན་པོའི་སྒོས་རྔ་ཁུལ་གྱི་མ་འོངས་འཕེལ་ཕྱོགས་འཆར་འགོད་བྱས་ལ། རང་ཁུལ་གྱིས་ལས་དོན་ཅི་རིགས་སྤེལ་བར་བླང་བྱ་གསར་བ་བཏོན། རྔ་ཁུལ་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ང་ཚོ་དང་སྤུན་ཟླའི་ཁུལ་དང་གྲོང་ཁྱེར་བར་དུ་བར་ཁྱད་ཇི་འདྲ་ཡོད་དམ། སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་སྐྲུན་རིམ་དུ་གཞན་གྱི་ལེགས་ཆ་རང་གི་རྒྱན་དུ་བླངས་ནས་ཇི་ལྟར་གསར་གཏོད་བྱེད་དགོས་སམ། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་སློབ་སྦྱོང་དཔྱད་གཞིའི་མིག་དཔེ་སྟོན་ཆེད། རང་རེའི་གསར་འགྱུར་ཁང་གིས་ཚོ་ཆུང་5སྤུན་ཟླའི་ཁུལ་11ལ་རྟོག་ཞིབ་ཏུ་མངགས་ཤིང་། ཀྲུང་གུང་རྔ་བ་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པར་ཐབས་ཀྱི་གདམས་ངག་བསླབས། གཞན་གྱི་ལེགས་ཆ་རང་གི་རྒྱན་དུ་འཇོག དེ་རིང་ནས་བཟུང་། ངེད་གསར་འགྱུར་ཁང་གིས་རྒྱལ་ཁམས་བལྟ་བའི་མེ་ལོང་ཞེས་པའི་ལེ་ཚན་གྱིས་སྤུན་ཟླའི་ཁུལ་དང་གྲོང་ཁྱེར་གྱིས་ལས་དོན་ཅི་རིགས་ཁྲོད་ཀྱི་སྔོན་ཐོན་ཉམས་མྱོང་དང་གསར་བཏོད་བྱེད་ཐབས་འགོད་བྱེད་རྒྱུ་ཡིན་པས། རང་ཁུལ་གྱི་ལས་དོན་ཅི་རིགས་ལ་རིག་སྟོབས་ཀྱིས་རྒྱབ་སྐྱོར་བྱས་ཏེ། བྱ་གཞག་ཡོད་ཚད་མགྱོགས་པོར་འཕེལ་རྒྱས་དང་ཐོད་བརྒལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པས། ཀུན་གྱིས་ལེ་ཚན་འདི་ལ་དོ་སྣང་གནང་རོགས་ཞུ།

པེ་ཅིང་།