ཞི་ཅིན་ཕིང་གིས་ཝུན་ཁྲོན་དུ་ས་འགུལ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐབས་བཞི་བའི་སྐམ་ས་ཆེ་མོའི་ས་འགུལ་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་འཕྲིན་ཡིག་སྤྲིངས་གནང་བ།

 ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཝུན་ཁྲོན་དུ་ས་ཡོམ་བརྒྱབ་ནས་ལོ་བཅུ་འཁོར་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དང་སྐབས་བཞི་པའི་སྐམ་ས་ཆེ་མོའི་ས་ཡོམ་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་འཕྲིན་ཡིག་སྤྲིངས་གནང་བ་རེད།

གྲོང་སྡེའི་གཞུང་ལམ་ཇེ་ལེགས་དང་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་གྱུར།

 “5·12”ས་འགུལ་བྱུང་རྗེས། ཝུན་ཁྲོན་རྫོང་གིས་རང་ཡུལ་གྱི་གནས་ཚུལ་དངོས་ལ་དམིགས་ཏེ་ཐོག་མར་གྲམ་ཁུལ་དང་རྗེས་མར་མཐོ་སྒང་གི་རྩ་དོན་ལ་གཞིར་བཟུང་ནས། ཁག་གསུམ་བགོས་ནས་རྫོང་ཡོངས་ཀྱི་གྲོང་སྡེ118ཀྱི་གཞུང་ལམ་སླར་གསོ་དང་བསྐྱར་སྐྲུན་བྱས། དེ་ལས་གྲོང་ཚོ་དང་རོགས་སྐྲུན་ལས་ཀའི་ཚོ་ཆུང་གིས་བསྐྲུན་པའི་རྣམ་གྲངས43དང་རྫོང་འགྲིམ་འགྲུལ་ཅུས་ཀྱིས་བསྐྲུན་པའི་རྣམ་གྲངས27ཡོད་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར5.2ཙམ་བཏང་བས། རྫོང་ཡོངས་ཀྱི་གྲོང་སྡེ་ཚང་མར་གཞུང་ལམ་ཤར་གཏོང་ཡིན་པ་མངོན་འགྱུར་བྱུང་།